ད་ལོ་ལྗོངས་ཡོངས་སུ་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་མི་འབོར་ལ་ཁྱབ་ཚད་བརྒྱ་ཆ༩༥ཡན་ཟིན་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༨ ལོའི་བར།  ལྗོངས་ཡོངས་ཀྱིས་གྲོང་གསེབ་འཐུང་ཆུའི་བདེ་འཇགས་ལས་གཞིར་མ་དངུལ་སྒོར་དུང་ཕྱུར ༢༣.༥༧ བཏང་བས།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་མི་འབོར་ཁྲི ༢༧.༢༥ ཚུད་པའི་ལྗོངས་ཡོངས་ཀྱི་མི་ཁྲི ༨༤.༥༤ ལྷག་ལ་ཕན་པ་ཐོབ་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན།  དེང་སྐབས་ལྗོངས་ཡོངས་སུ་གྲོང་གསེབ་འཐུང་ཆུའི་བདེ་འཇགས་མི་འབོར་ལ་ཁྱབ་ཚད་བརྒྱ་ཆ ༨༦ དང་གྲོང་གསེབ་ཏུ་འཐུང་ཆུ་གཅིག་བསྡུས་མཁོ་འདོན་བྱེད་ཚད་བརྒྱ་ཆ ༨༦  ཆུ་ཀ་ལ་ཁྱབ་ཚད་བརྒྱ་ཆ ༧༡.༧  ཆུའི་སྤུས་ཚད་ཀྱི་ཚད་གཞི་ལོན་ཚད་བརྒྱ་ཆ ༨༧.༢   ལས་གཞི་ཆུང་གྲས་བརྒྱུད་ཆུ་མཁོ་འདོན་ཐུབ་ཚད་བརྒྱ་ཆ ༨༥  དེ་མིན་ལས་གཞི་བརྒྱུད་ཆུ་མཁོ་འདོན་ཐུབ་ཚད་བརྒྱ་ཆ ༩༠ བཅས་ཟིན་ཡོད།

རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཐིང་ཀྲང་སུན་ཤན་ཀྲུང་ནས།  རང་ལྗོངས་ཀྱིས་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཀྱི་ཀྲུང་དབྱང་སྔོན་རྩིས་ནང་གི་སྤྱི་ལོ ༢༠༡༩ ལོ་དང་ ༢༠༢༠ ལོའི་ལྷག་འཕྲོའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར ༢.༧༢ ཚང་མ་ད་ལོའི་ལོ་འགོར་སྡེབ་གཅིག་ལ་གཤམ་སྤྲོད་བྱེད་རྒྱུ་དང་།  ཉེ་འཆར་སླར་ཡང་།  མ་དངུལ་སྒོར་དུང་ཕྱུར ༢.༦ བརྩོན་ལེན་བྱས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་མི་འབོར་ཁྲི ༢༠༠༠ ཡི་འཐུང་ཆུའི་བདེ་འཇགས་ལས་གཞིའི་མ་འཇོག་གི་དགོས་མཁོ་བསྐང་རྒྱུ་ཡིན་ཡང་།  ལྗོངས་ཡོངས་ཀྱི་སྲ་བརྟན་མཐོར་གཏོང་ལས་གཞི་འཛུགས་སྐྲུན་གྱི་མ་དངུལ་སྔར་བཞིན་འདེང་གི་མེད།  གོམ་སྟབས་རྗེས་མར།  ཆུ་བེད་པུའུ་དང་རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན་སོགས་འབྲེལ་ཡོད་ཚན་པ་དང་འབྲེལ་མཐུད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ།  བོད་ཀྱི་གྲོང་གསེབ་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་གཏོང་ལས་གཞིའི་ཐད་ཀྲུང་དབྱང་གི་རྒྱབ་སྐྱོར་དེ་བས་ཆེ་བ་ཐོབ་ཐབས་བྱེད་རྒྱུ་དང་ཆབས་ཅིག  རིམ་ཁག་སྲིད་གཞུང་གིས་བྱ་ཐབས་སྣ་ཚོགས་བཟུང་ནས་མ་དངུལ་གྲབས་གསོག་བྱེད་པ་དང་ནོར་སྲིད་ཐད་ཀྱི་ཞིང་འབྲེལ་མ་དངུལ་དང་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་འཛུགས་སྐྲུན་མ་དངུལ།  བོད་སྐྱོར་མ་དངུལ།  སྲིད་ཇུས་རང་བཞིན་གྱི་ཡིད་རྟོན་དངུལ་བུན་མ་དངུལ།  ས་གནས་ཀྱི་འཛིན་ལོར་སོགས་ལེགས་སྒྲིག་བྱས་ཏེ་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་མ་དངུལ་ཁ་ཐང་བའི་གནད་དོན་ཐག་གཅོད་བྱས་ཏེ།  ད་ལོ་ལྗོངས་ཡོངས་སུ་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་མི་འབོར་ལ་ཁྱབ་ཚད་བརྒྱ་ཆ ༩༥ ཡན་ཟིན་པ་བྱས་ནས།  སྤྱི་ལོ ༢༠༡༩ ལོའི་ཟླ ༤ པའི་ཚེས ༤ ཉིན་བར་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱེད་རྒྱུར་ལུས་པའི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་མི་འབོར་ཁྲི ༣.༢ ཡི་འཐུང་ཆུའི་བདེ་འཇགས་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་རྒྱུ་རེད་ཅེས་གསུངས།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]