སྨན་བཅོས་བོད་སྐྱོར་ལས་དོན་བརྒྱུད་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་གྱི་དཔྱིད་དཔལ་བཞད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༧ ལོའི་ཟླ ༤ པར་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་ལས་དོན་སྤེལ་ཚུན།  ཀོང་ཏུང་ཞིང་ཆེན་ཧུད་ཀྲའུ་གྲོང་ཁྱེར་གྱིས་སྔ་རྗེས་སུ་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་དུ་སྨན་བཅོས་བོད་སྐྱོར་རུ་ཁག་ཁག་གསུམ་གྱི་མི་སྣ ༢༣ སྨན་བཅོས་བོད་སྐྱོར་བྱེད་པར་བཏང་ཡོད་པ་དང་།  ད་ཆ་སྨན་བཅོས་བོད་སྐྱོར་རུ་ཁག་གསུམ་པའི་ལས་དོན་པ་བདུན་གྱིས་སྣང་རྫོང་དུ་དུས་ཡུན་ལོ་གཅིག་གི་སྨན་བཅོས་བོད་སྐྱོར་ལས་དོན་སྤེལ་བཞིན་ཡོད།

ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་ལས་དོན་སྤེལ་ཚུན་གྱི་ལོ་གཉིས་ལྷག་རིང་།  སྣང་རྫོང་དུ་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་ལས་དོན་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ།  སྨན་བཅོས་བོད་སྐྱོར་ལས་ཀའི་གཙོ་གནད་ལས་དོན་ལ་རྩིས་ནས་སྣང་རྫོང་སྨན་རྩིས་ཁང་གི་སྨན་སྦྱོར་ཁང་གི་རྣམ་གྲངས་ཐད་སྔ་རྗེས་སུ་མ་དངུལ་སྒོར་ཁྲི ༤༣༣ བཏང་བ་དང་།  སྣང་རྫོང་གི་གསོ་རླུང་མཁོ་འདོན་ས་ཚིགས་དང་སྣང་རྫོང་མི་དམངས་སྨན་ཁང་གི་གསལ་ཐིག་ཁང་གི་སྒྲིག་བཀོད།  རྟ་སྒ་ཆ་འགྲིག་གི་སྒྲིག་ཆས་ཉོ་སྒྲུབ།  སྣང་རྫོང་སྣང་གྲོང་རྡལ་འཕྲོད་བསྟེན་ཁང་གི་སྨན་མཛོད་ཁང་བཅས་ཀྱི་རྣམ་གྲངས་ཐད་མ་དངུལ་སྒོར་ཁྲི ༨༩༠ འཕར་མ་བཏང་བས།  སྣང་རྫོང་གི་འཕྲོད་བསྟེན་བྱ་གཞག་གོང་འཕེལ་གྱི་ཆད་སྐྱོན་སྔར་བས་གསབ་ཐུབ་པ་བྱུང་བ་དང་།  སྣང་རྫོང་གི་རིམ་ཁག་སྨན་བཅོས་ཚན་པའི་སྨན་བཅོས་སྒྲིག་ཆས་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད།  དེ་དང་ཆབས་ཅིག་སྨན་བཅོས་བོད་སྐྱོར་ལས་དོན་རུ་མིས་ལམ་ལུགས་འཛུགས་སྐྱོང་ལ་དམ་འཛིན་བྱས་ཏེ།  སྣང་རྫོང་མི་དམངས་སྨན་ཁང་ལ་སྨན་ཁང་དོ་དམ་དང་ལས་རྗེས་ཞིབ་དཔྱད་སོགས་སྒྲིག་གཞི་ལམ་སྲོལ ༢༦ འཐུས་སྒོ་ཚང་དུ་གཏོང་རོགས་བྱས་པས།  རྫོང་མི་དམངས་སྨན་ཁང་ཚན་རིག་དང་མཐུན་པ་དང་ཚད་དང་ལྡན་པ།  ཕན་འབྲས་ཆེ་བ་བཅས་ཀྱི་སྒོ་ནས་འཁོར་རྒྱུག་ཐུབ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།  སྨན་བཅོས་བོད་སྐྱོར་ལས་དོན་རུ་ཁག་གི་རོགས་རམ་འོག་སྣང་རྫོང་མི་དམངས་སྨན་ཁང་འདི་ཉིད་སྤྱི་ལོ ༢༠༡༧ ལོའི་ཟླ ༡༢ པར་ཁ་པ་རིམ་པ་གཉིས་པའི་སྨན་ཁང་དུ་བཏོད་ཐུབ་པ་བྱུང་སྟེ།  སྣང་རྫོང་གི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་གྱི་རྣམ་པ་གསར་པ་བཏོད་ཐུབ་ཡོད།

སྨན་བཅོས་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐད།  སྣང་རྫོང་གིས་གདན་འདྲེན་ཞུ་བ་དང་ཕྱིར་གཏོང་བའི་བྱ་ཐབས་རྒྱུན་འཁྱོངས་བྱས་ནས།  སྨན་བཅོས་བོད་སྐྱོར་རུ་ཁག་གི་རྒྱབ་སྐྱོར་འོག་སྔ་རྗེས་སུ་ལས་སྒོའི་སྦྱོང་བརྡར་བྱེད་སྒོ་ཐེངས ༡༠༠ ལྷག་སྤེལ་ཏེ་སྨན་དོན་པ་མི་ཐེངས ༢༠༠༠ ལྷག་ལ་སྦྱོང་བརྡར་སྤྲད་པ་དང་།  བཤགས་བཅོས་ཐེངས ༤༠༠ ལྷག་ལ་མཛུབ་ཁྲིད་བྱས་པ།  ཧུད་ཀྲའུ་གྲོང་ཁྱེར་མི་དམངས་སྨན་ཁང་དང་ཧུད་ཀྲའུ་གྲོང་ཁྱེར་ལྟེ་བའི་མི་དམངས་སྨན་ཁང་སྦོའོ་ལོ་ཡན་ལག་སྨན་ཁང་དུ་ལས་སྒོའི་རྐང་འཛིན་པ ༨ ཟབ་སྦྱོང་ལ་བཏང་བ་སོགས་བྱས་པས།  རོགས་སྐྱོར་བྱེད་སྟངས་དེ་གཞན་བརྟེན་ནས་རང་རྐྱ་འཕེལ་བའི་བར་འགྱུར་ལྡོག་བྱུང་བ་དང་།  སྣང་རྫོང་གི་སྨན་བཅོས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ཐད་བརྒྱུད་རོགས་ཁྲིད་གསུམ་གྱི་ནུས་པ་ཐོན་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]