ཆབ་མདོས་ཐབས་མང་མཉམ་བཟུང་ངང་ཆེད་ལས་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གསར་འགོད་པས་ལྗོངས་ཡོངས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པའི་ལས་སྒོའི་རྐང་འཛིན་སྦྱོང་བརྡར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ཆབ་མདོ་གྲོང་ཁྱེར་གྱིས་ཆེད་ལས་ལག་རྩལ་ཤེས་ལྡན་པའི་དཔུང་ཁག་གི་སྤྱི་ཡོངས་བྱང་ཚད་མཐོ་རུ་གཏོང་རྒྱུར་དམིགས་ཏེ།  བྱ་ཐབས་སྣ་ཚོགས་བཟུང་ནས་ཆེད་ལས་ལག་རྩལ་མི་སྣའི་རྒྱུན་མཐུད་སློབ་གསོའི་ལས་ཀར་དམ་འཛིན་ནན་པོ་བྱས་པ་དང་།  ད་ལོའི་ཚུན་དུ་ཆབ་མདོ་གྲོང་ཁྱེར་གྱིས་ཆེད་ལས་ལག་རྩལ་ཤེས་ལྡན་པ་མི་ཐེངས ༥༢༠༠ ལྷག་ཙམ་ལ་ཐབས་ལམ་སྣ་ཚོགས་བརྒྱུད་རྒྱུན་མཐུད་སློབ་གསོའི་ནང་ཞུགས་པ་རེད།  

ཤེས་རྟོགས་བྱས་པར་གཞིགས་ན།  ཆབ་མདོ་གྲོང་ཁྱེར་གྱིས་དབུལ་སྐྱོར་གནད་འཕིགས་དང་དབུལ་གྲོལ་གནད་འཕིགས་ཀྱི་ལས་ཀའི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ།  དམིགས་འཛུགས་སྦྱོང་བརྡར་དང་མངགས་ཐོ་རྣམ་པའི་སྦྱོང་བརྡར།  ལས་ཐོག་སྦྱོང་བརྡར་སོགས་ཀྱི་བྱ་ཐབས་བཟུང་སྟེ་གཞི་རིམ་དུ་འཕྲལ་མཁོ་ཆེ་བའི་མཁོ་ཆོད་རྣམ་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུར་མཐོང་ཆེན་བྱས་ཡོད།  རང་ལྗོངས་ཀྱིས་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐད་རྒྱལ་ཁབ་ནས་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་གང་ལེགས་བྱས་ཏེ།  འཆར་གཞི་ཡོད་པའི་སྒོ་ནས་བོད་ཀྱི་གྲངས་ཉུང་མི་རིགས་སྦྱོང་བརྡར་ནང་ཞུགས་སུ་བཅུག་སྟེ།  རིགས་གཅིག་མཁས་ཅན་གདན་ཞུས་བྱས་ཐོག་ཆེད་དོན་འཆད་འཁྲིད་དང་ལག་རྩལ་མཛུབ་ཁྲིད་བྱས་ནས།  ལས་སྒོ་བྱང་ཆུབ་པ་དང་འཇོན་ཐང་ཆེ་བ།  འདུ་ཤེས་གསར་པ་ལྡན་པ་བཅས་ཀྱི་ཕུལ་བྱུང་ཆེད་ལས་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱས་པ་དང་།  ཤེས་ལྡན་པའི་བོད་སྐྱོར་དང་ལག་རྩལ་བོད་སྐྱོར་གྱི་ལས་དོན་གཏིང་ཟབ་སྤེལ་ཏེ་ས་གནས་དེ་གའི་ཆེད་ལས་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་ཐད་ཤུགས་སྣོན་བརྒྱབ་པ་བཅས་བྱས་པ་རེད། 
སྤྱི་ལོ ༢༠༡༨ ལོ་ཁོ་ནར་ཆབ་མདོ་གྲོང་ཁྱེར་གྱི་རྫོང་༼ ཆུས༽༡༡ དང་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཁག་གི་གཙོ་འགན་ཚན་པས།  བོད་སྐྱོར་ཐབས་ལམ་བརྒྱུད་རིམ་པ་ཁག་དང་རིགས་ཁག་གི་ཤེས་ལྡན་པ་མི་ཐེངས ༤༠༠ ལྷག་ཙམ་ལ་སྦྱོང་བརྡར་སྤྲད་པ་དང་ཆབས་ཅིག  རིགས་གཅིག་མཁས་ཅན་གྱི་གཤམ་སྐྱོད་ཞབས་ཞུའི་བྱེད་སྒོ་སོགས་ཀྱི་རྣམ་གྲངས་རེ་ཞུ་བྱས་ཏེ་གཞི་རིམ་གྱི་ཆེད་ལས་ལག་རྩལ་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]