གོང་རིམ་གྱི་འབྲེལ་ཡོད་དཔྱད་ཞིབ་སྐོར་གཟིཌ་ཚོཌ་ཆུང་གིས་རང་ལྗོངས་ལ་ཐོན་སྐྱེད་བདེ་འཇཌ་དང་མེ་ཟོན་ལས་ཀའི་བསམ་འཆར་ལྡོག་འདྲེན་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༥ ཉིན་གྱི་སྔ་དྲོ།  རྒྱལ་སྲིད་སྤྱི་ཁྱབ་ཁང་ཐོན་སྐྱེད་བདེ་འཇགས་ཨུ་ལྷན་གྱི་ཐོན་སྐྱེད་བདེ་འཇགས་དང་མེ་ཟོན་ལས་ཀའི་དཔྱད་ཞིབ་སྐོར་གཟིགས་ཚོགས་ཆུང་བདུན་པས།  དཔྱད་ཞིབ་སྐོར་གཟིགས་ཀྱི་ལྡོག་འདྲེན་ཚོགས་འདུ་འཚོགས་པ་རེད།  ཧྲུའུ་ཅི་ཝུའུ་དབྱིང་ཇེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་བཀའ་མངགས་ལྟར་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཚོགས་འདུར་ཕེབས་པ་མ་ཟད་གཏམ་བཤད་ཀྱང་གནང་བ་དང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་ཐོན་སྐྱེད་བདེ་འཇགས་ཨུ་ལྷན་གྱི་ཐོན་སྐྱེད་བདེ་འཇགས་དང་མེ་ཟོན་ལས་ཀའི་དཔྱད་ཞིབ་སྐོར་གཟིགས་ཚོགས་ཆུང་བདུན་པའི་ཙུའུ་ཀྲང་ལིའི་ཅིན་ཞང་གིས་བསམ་འཆར་ལྡོག་འདྲེན་གནང་བ་རེད། 
ལིའི་ཅིན་ཞང་གིས་བོད་ལྗོངས་འདི་ཉིད་ས་བབ་མཐོ་བ་དང་གྲང་ངར་ཆེ་བ།  གསོ་རླུང་དཀོན་པ།  རང་བྱུང་ཆ་རྐྱེན་ཞན་པ་བཅས་མ་ཟད།  ཐོན་སྐྱེད་བདེ་འཇགས་དང་མེ་ཟོན་ལས་དོན་སྤེལ་ཕྱི་བ་དང་འགོ་འཛུགས་ས་དམའ་བ།  རྨང་གཞི་ཞན་པ་སོགས་ཡིན་ན་ཡང་བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་།  རྒྱ་ཆེའི་ལས་བྱེད་ལས་བཟོ་པས་ཐོན་སྐྱེད་བདེ་འཇགས་དང་མེ་ཟོན་ལས་དོན་དོན་འཁྱོལ་བྱེད་པའི་ཐད་ལས་དོན་ཇི་མ་ཇི་བཞིན་སྤེལ་བ་དང་གཞན་ལ་ཁ་མི་གཡར་བ།  ཕྱི་ཚུལ་ཙམ་མི་བྱེད་པ།  ལྷོད་གཡེང་མི་གཏོང་བ་བཅས་ཀྱི་སྒོ་ནས་མཐའ་མཚམས་སྲ་བརྟན་དང་སྤྱི་ཚོགས་བརྟན་ལྷིང་།  མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས། 
ནོར་བུ་དོན་གྲུབ་ཀྱིས་རང་ལྗོངས་ནས་སྒམ་ནན་དང་ཟོལ་མེད་བཅས་ཀྱི་སྒོ་ནས་ལྡོག་འདྲེན་གནད་དོན་དང་ལེན་བྱས་ཏེ་གནད་དོན་རེ་རེ་བཞིན་ལ་ཞིབ་ཕྲའི་ལག་བསྟར་བསམ་འཆར་དང་བཅོས་སྒྲིག་བྱ་ཐབས་བཟོས་ནས།  བཅོས་སྒྲིག་ཕྱོགས་ཡོངས་དང་མྱུར་པོ།  མཐར་ཕྱིན་པ་བཅས་བྱེད་རྒྱུ་ཡིན་ཞེས་གསུངས།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]