གཞིས་རྩེ་གྲོང་ཁྱེར་གྱིས་དཔྱ་ཁྲལ་ཉུང་གཏོང་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གཞིས་རྩེ་གྲོང་ཁྱེར་ཁྲལ་དོན་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ད་ལོའི་དུས་ཚིགས་དང་པོར་གཞིས་རྩེ་གྲོང་ཁྱེར་གྱིས་སྔ་ཕྱི་བསྡོམས་དཔྱ་ཁྲལ་སྒོར་ཁྲི་ཚོ ༣༠༣༥.༡༤ ཉུང་གཏོང་བྱས་པའི་ནང་།  སྤྱི་ལོ ༢༠༡༩ ལོར་གསར་དུ་བཏོན་པའི་སྲིད་ཇུས་ལྟར་དཔྱ་ཁྲལ་སྒོར་ཁྲི་ཚོ ༡༥༠༤.༢ ཉུང་དུ་བཏང་ཡོད་པ་མ་ཟད།  སྤྱི་ལོ ༢༠༡༨ ལོར་དཔྱ་ཁྲལ་ཉུང་གཏོང་སྲིད་ཇུས་བཏོན་ནས་སྤྱི་ལོ ༢༠༡༩ ལོའི་ལོ་མཇུག་ཏུ་དཔྱ་ཁྲལ་སྒོར་ཁྲི་ཚོ ༡༥༣༡.༡༢ ཉུང་གཏོང་བྱས་ཏེ་ཁྲལ་གྲོན་གཉིས་ཆག་སྲིད་ཇུས་ཀྱི་ཁེ་བཟང་རྒྱུན་ཆད་མེད་པར་ལྷུག་ཏུ་གཏོང་བཞིན་ཡོད།  
ཤེས་རྟོགས་བྱས་པར་གཞིགས་ན།  ཁྲལ་གྲོན་གཉིས་ཆག་སྲིད་ཇུས་བཏོན་ཏེ་དོན་འཁྱོལ་བྱས་པའི་ཚུན་དུ་གཞིས་རྩེ་གྲོང་ཁྱེར་ཁྲལ་དོན་ཚན་པས་བྱ་ཐབས་སྣ་ཚོགས་བཟུང་སྟེ།  རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཕྱོགས་ཡོངས་དྲིལ་བསྒྲགས།  སྦྱོང་བརྡར་ཟུར་ཁྲིད།  བརྟག་ཞིབ་བཅར་འདྲི།  མཐུན་སྦྱོར་སྤེལ་རེས།  ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་ཐད་འབད་བརྩོན་བྱས་ཏེ་ཁྲལ་གྲོན་གཉིས་ཆག་སྲིད་ཇུས་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་བཏང་ནས།  ཁྲལ་དོན་ལས་ཁུངས་ཀྱི་བསྒྱུར་བཅོས་དང་ཁྲལ་གྲོན་གཉིས་ཆག་སྲིད་ཇུས་ལས་ཁྲལ་འཇལ་མཁན་དང་གྲོན་དངུལ་སྤྲོད་མཁན་ལ་སྟབས་བདེ་དང་ཁེ་བཟང་ལོངས་སྤྱོད་ཏན་ཏིག་ཐུབ་པ་བྱས་ཡོད།། 
 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]