བོད་ཀྱི་སློབ་གསོའི་ལས་རིགས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་རྣམ་པ་གསར་པ་མངོན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དང་ལྷག་པར་དུ་ལོ་ལྔ་ཚན་བཅུ་གཉིས་པའི་ཚུན་དུ་རང་ལྗོངས་ཀྱི་དེང་རབས་ལས་རིགས་སློབ་གསོ་མགྱོགས་མྱུར་གོང་འཕེལ་ཕྱིན་ནས།  འབྲིང་རིམ་ལས་རིགས་སློབ་གསོས་རྨང་གཞི་བྱེད་པ་དང་མཐོ་རིམ་ལས་རིགས་ཆེད་ལས་ཀྱིས་གཙོ་གནད་བྱེད་པ།  ཡོན་ཚད་སློབ་གསོ་དང་ལས་རིགས་ལག་རྩལ་སྦྱོང་བརྡར་ཟུང་འབྲེལ་བྱེད་པ།  ལྗོངས་ནང་ཁུལ་གྱི་སློབ་གཉེར་དང་ལྗོངས་ཕྱིའི་སློབ་གཉེར་མཉམ་བཟུང་བྱེད་པ།  ལྗོངས་ཕྱི་ནང་གི་ལས་རིགས་སློབ་གསོའི་ལེགས་ཆ་གསབ་རེས་བྱེད་པ་བཅས་ལས་དེང་རབས་ལས་རིགས་སློབ་གསོའི་མ་ལག་ཞིག་ཆགས་ཡོད།   
རང་ལྗོངས་ཀྱི་ལས་རིགས་སློབ་གསོ་གོང་འཕེལ་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་ཆེད། 
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྲིད་ཇུས་བྱ་ཐབས་སྣ་ཚོགས་བཏོན་ནས་ལས་རིགས་སློབ་གསོ་གོང་འཕེལ་ཡོང་རྒྱུར་རྒྱབ་སྐྱོར་བྱས་པ་དང་།  རྒྱལ་ཁབ་ཀྱིས་གཙོ་བོ་བྱེད་པ་དང་ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱེད་པའི་ལས་རིགས་སློབ་གསོའི་གྲོན་དངུལ་འགན་སྲུང་ལམ་སྲོལ་བཙུགས་ཡོད།  ལོ་ལྔ་ཚན་བཅུ་གཉིས་པའི་རིང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ནས་ནོར་སྲིད་རང་བཞིན་གྱི་ལས་རིགས་སློབ་གསོའི་གྲོན་དངུལ་ཁྱོན་སྒོར་དུང་ཕྱུར ༢༦ བཏང་ནས།  འབྲིང་རིམ་ལས་རིགས་སློབ་གྲྭ་ལྔ་གསར་སྐྲུན་ལེགས་སྒྲུབ་ཟིན་པ་དང་སློབ་གྲྭ་གཉིས་འཛུགས་སྐྲུན་བྱེད་བཞིན་ཡོད།  ས་ཁུལ༼གྲོང་ཁྱེར༽བདུན་ལ་ཁག་སོ་སོར་གཙོ་གནད་ཐོག་ཚད་གཞི་ཅན་གྱི་འབྲིང་རིམ་ལས་རིགས་སློབ་གྲྭ་རེ་འཛུགས་སྐྲུན་བྱེད་པ་བཅས་བྱས་ནས་མ་འཇོག་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་སྟེ།  ལྗོངས་ཡོངས་ཀྱི་ལས་རིགས་སློབ་གླིང་དང་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་མུ་མཐུད་ལེགས་བཅོས་གཏོང་རྒྱུ་རེད། 
ལྗོངས་དབུལ་གྲོལ་འགག་སྒྲོལ་ལས་ཀའི་བླང་བྱར་གཞིགས་ཏེ་འབྲིང་རིམ་ལས་རིགས་སློབ་གྲྭ་ཁག་གིས་ལས་རིགས་སློབ་གསོའི་དམངས་ཕྱུག་བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་རྒྱུ་མ་ཟད།  ཞིང་འབྲོག་པའི་ལས་རིགས་རྩལ་ནུས་སྦྱོང་བརྡར་དང་ངལ་ནུས་སྤོ་བསྒྱུར་གྱི་སྦྱོང་བརྡར།  ཞིང་འབྲོག་པའི་གོ་ཆོད་ལག་རྩལ་གྱི་སྦྱོང་བརྡར་བཅས་བྱེད་རྒྱུ་རེད།  སྤྱི་ལོ ༢༠༡༨ ལོར་ལྗོངས་ཡོངས་ཀྱི་འབྲིང་རིམ་ལས་རིགས་སློབ་གྲྭ་དང་རྫོང་རིམ་པའི་ལས་རིགས་སློབ་གསོ་ལྟེ་གནས་སུ་རིགས་ཁག་གི་སྦྱོང་བརྡར་ཐེངས ༨༠ གཉེར་བ་དང་།  མ་དངུལ་སྒོར་ཁྲི་ཚོ ༤༧༣ བཏང་ནས་ཞིང་འབྲོག་མང་ཚོགས ༡༤༠༠༠ ལྷག་ཙམ་ལ་སྦྱོང་བརྡར་སྤྲད་ཡོད། 
བསྡོམས་རྩིས་བརྒྱབ་པར་གཞིགས་ན།  དེང་སྐབས་ལྗོངས་ཡོངས་སུ་འབྲིང་རིམ་ལས་རིགས་སློབ་གྲྭ ༡༡ དང་།  མཐོ་རིམ་ལས་རིགས་སློབ་གླིང་དང་སློབ་གྲྭ་གཅིག་ཡོད།  ནང་སའི་ཞིང་ཆེན་དང་གྲོང་ཁྱེར་བཅུ་གཉིས་ཀྱི་རྒྱལ་ཁབ་རིམ་པའི་གཙོ་གནད་འབྲིང་རིམ་ལས་རིགས་སློབ་གྲྭ ༣༣ ལ་ནང་སའི་བོད་ལྗོངས་འབྲིང་རིམ་ལས་རིགས་འཛིན་གྲྭ་གཉེར་བ་དང་།  ལོ་ལྔའི་ནང་རང་ལྗོངས་ཀྱི་ལས་རིགས་སློབ་གླིང་དང་སློབ་གྲྭས་སྔ་ཕྱི་བསྡོམས་ལྗོངས་ཡོངས་སུ་ལས་རིགས་ཁག་ལ་རིགས་ཁག་གི་རྩལ་ནུས་རྣམ་པའི་ཤེས་ལྡན་པ་ཁྲི ༥ ལྷག་ཙམ་གསོ་སྐྱོང་བྱས་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]