ལྷ་ས་གྲོང་ཁྱེར་ལ་ད་ལྟ་གནའ་ཤུལ་དང་གནའ་བོའི་ཨར་སྐྲུན་སོགས་སྤོ་འཁྱེར་མི་ཐུབ་པའི་རིག་དངོས༩༣༤ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྷ་ས་གྲོང་ཁྱེར་རིག་དངོས་ཅུད་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ལྷ་ས་གྲོང་ཁྱེར་ལ་ད་ལྟ་གནའ་ཤུལ་དང་གནའ་བོའི་ཨར་སྐྲུན་སོགས་སྤོ་འཁྱེར་མི་ཐུབ་པའི་རིག་དངོས ༩༣༤ ཡོད་པའི་ནང་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ ༡༦ ཡོད།   
ལྷ་ས་གྲོང་ཁྱེར་རིག་དངོས་ཅུད་རིག་དངོས་ཁོའོ་ཡི་ཁོའོ་ཀྲང་མིག་དམར་ཚེ་རིང་གིས་དེང་སྐབས་ལྷ་ས་གྲོང་ཁྱེར་དུ་རིགས་ཁག་གི་སྤོ་འཁྱེར་མི་ཐུབ་པའི་རིག་དངོས་ས་ཚིགས་ཁག་ནང་  རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ ༡༦ དང་།  རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ ༡༡༠  གྲོང་ཁྱེར་དང་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ ༡༧༧ བཅས་ཚུད་པའི་རིམ་ཁག་རིག་དངོས་སྲུང་སྐྱོབ་ཚན་པ ༣༠༣ ཡོད།  ལྷ་ས་གྲོང་ཁྱེར་དུ་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་།  ནོར་བུ་གླིང་ཁ་སོགས་འཛམ་གླིང་གི་རིག་དངོས་ཤུལ་བཞག་མང་པོ་ཡོད་པ་མ་ཟད།  ད་དུང་བར་སྐོར་ནི་རྒྱལ་ཡོངས་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་ཁྲོམ་གཞུང་ཞིག་ཀྱང་ཡིན།  སྙེ་མོ་རྫོང་ཐོན་པ་ཤང་ཐོན་པ་གྲོང་ཚོ་ནི་རྒྱལ་ཡོངས་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཚོ་ཡང་རེད།  རྒྱལ་ཁབ་ཀྱིས་བོད་ཀྱི་རིག་དངོས་སྲུང་སྐྱོབ་ལས་ཀར་སྔར་ནས་ད་བར་མཐོང་ཆེན་པོ་གནང་གི་ཡོད།  ལོ་ལྔ་ཚན་བཅུ་གསུམ་པའི་རིང་རྒྱལ་ཁབ་ནས་མ་དངུལ་སྒོར་དུང་ཕྱུར ༡.༢ བཏང་ནས་རིག་དངོས་བདེ་འཇགས་ལས་གཞིའི་རྣམ་གྲངས ༦ ལག་བསྟར་བྱས་པ་དང་།  བོད་ཀྱི་དགོན་སྡེ་དང་ཨར་སྐྲུན་དངོས་པོར་སྲུང་སྐྱོབ་དང་ཉམས་བཟོ་བྱས་ནས་ལོ་མཇུག་ཏུ་ཆ་ཚང་ལས་མཇུག་སྒྲིལ་བཟོ་ཡོད་ཅེས་གསུངས་པ་རེད།།   
 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]