རང་ལྗོངས་ཀྱིས་ཚན་པ་ཁག་ཏུ་རྒན་གསོའི་འགན་བཅོལ་གྲོན་དངུལ་འཇལ་ཚད་དམའ་རུ་བཏང་།

ཡོང་ཁུངས།   བདོ་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-19

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  གསར་འགོད་པས་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  རང་ལྗོངས་ཀྱིས་སྤྱི་ཟླ ༥ པའི་ཚེས་གཅིག་ཉིན་ནས་བཟུང་ཚན་པ་ཁག་ཏུ་རྒན་གསོའི་འགན་བཅོལ་གྲོན་དངུལ་འཇལ་ཚད་དམའ་རུ་བཏང་ཡོད་པ་དང་དུས་མཚམས་རང་བཞིན་གྱི་ལས་ཤོར་འགན་བཅོལ་དང་ལས་རྨས་འགན་བཅོལ་གྱི་གྲོན་དངུལ་འཇལ་ཚད་མུ་མཐུད་དམའ་རུ་བཏང་པ་རེད།

བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འཇལ་ཚད་དམའ་རུ་གཏོང་བའི་ཕྱོགས་བསྡུས་ཇུས་གཞི་སྤྱི་ལོ ༢༠༡༩ ལོའི་ཟླ ༥ པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་འགོ་ཚུགས་པ་དང་།  ཁེ་ལས་ནས་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྲོན་དངུལ་འཇལ་ཚད་དེ་ད་ལྟ་ལག་བསྟར་བྱེད་མུས་ཀྱི་བརྒྱ་ཆ ༡༩ ནས ༡༦ བར་དམའ་རུ་བཏང་པ་དང་།  ལས་ཁུངས་དང་བྱ་གཞག་ཚན་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་གྲོན་དངུལ་འཇལ་ཚད་དེ་ད་ལྟ་ལག་བསྟར་བྱེད་མུས་ཀྱི་བརྒྱ་ཆ ༢༠ ནས ༡༦ བར་དམའ་རུ་བཏང་བ།  ལས་ཤོར་འགན་བཅོལ་དུས་མཚམས་རང་བཞིན་གྱི་གྲོན་དངུལ་དམའ་རུ་གཏོང་བའི་དུས་བཀག་དེ་སྤྱི་ལོ ༢༠༢༠ ལོའི་ཟླ ༤ པའི་ཚེས ༣༠ ཉིན་བར་ནར་འགྱངས་བྱས་ནས་སྤྱིའི་གྲོན་དངུལ་འཇལ་ཚད་གྱི་བརྒྱ་ཆ ༡ ལག་བསྟར་བྱེད་རྒྱུ།  ལས་རྨས་འགན་བཅོལ་གྲོན་དངུལ་འཇལ་ཚད་དམའ་རུ་གཏོང་བའི་སྲིད་ཇུས་སྤྱི་ལོ ༢༠༢༠ ལོའི་ཟླ ༤ པའི་ཚེས ༣༠ ཉིན་བར་མུ་མཐུད་ལག་བསྟར་བྱས་ནས།  ད་ལྟ་ལག་བསྟར་བྱེད་མུས་ཀྱི་གྲོན་དངུལ་འཇལ་ཚད་ཀྱི་བརྒྱ་ཆ ༠.༢ ནས་བརྒྱ་ཆ ༡.༩ ཡི་བར་གྱི་རྨང་གཞིའི་ཐོག་བརྒྱ་ཆ ༠.༡ ནས་བརྒྱ་ཆ ༠.༩༥ བར་དམའ་རུ་གཏོང་རྒྱུ་བཅས་བཏོན་ཡོད།

གཞན་ཡང་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན།  རང་ལྗོངས་ཀྱིས་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་བསྡུ་བའི་སྒྲིག་གཞི་སྒྱུར་བཅོས་བྱེད་སྐབས་ཁེ་ལས་ཀྱིས་དེ་སྔ་ཆད་པའི་གྲོན་དངུལ་གཅིག་བསྡུས་ཐོག་འཇལ་དུ་བཅུག་མེད་པ་དང་ཁེ་ལས་ཆུང་གྲས་ལ་གྲོན་དངུལ་གྱི་འཁུར་པོ་ལྕི་རུ་གཏོང་བའི་བྱ་ཐབས་གང་ཡང་བཟུང་མེད་པ་རེད།  འབྲེལ་ཡོད་ཚན་པས་ནོར་སྲིད་ཐད་ཀྱི་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་གསོག་འཇོག་ཐེབས་རྩ་བེད་སྤྱོད་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད།  རྒན་གསོའི་འགན་བཅོལ་ཚན་པའི་གྲོན་དངུལ་འཇལ་ཚད་དམའ་རུ་བཏང་བ་ལས་བྱུང་བའི་རྒན་གསོའི་འགན་བཅོལ་ཐེབས་རྩའི་ཡོང་འབབ་ཀྱི་སྟོང་ཆ་གསབ་ནས་རྒན་ཡོལ་ཞུས་པའི་ལས་བཟོའི་ཐོབ་ཆ་འགན་སྲུང་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]