ཤིན་བོད་གཞུང་ལམ་གཡས་ཁྲེང་ནས་མངའ་རིས་བར་གྱི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ལྷ་སར་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༧ ཉིན་གྱི་ཕྱི་དྲོ།  མཁའ་ལམ་གྱི་འགོ་འཛུགས་ས། ཁུན་ལུན་གྱི་གྲོང་ཁྱེར་དང་པོ་ཞེས་པའི་གཡས་ཁྲེང་ནས་མངའ་རིས་བར་གྱི་ཤིན་བོད་གཞུང་ལམ་གྱི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ལྷ་སར་འཚོགས་པ་རེད།  ཤིན་བོད་གཞུང་ལམ་གྱི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ནི་མངའ་རིས་ས་ཁུལ་ཡུལ་སྐོར་གོང་འཕེལ་ཅུས་དང་ཤིན་ཅང་གཡས་ཁྲེང་རྫོང་གིས་གཙོ་གཉེར་བྱས་པ་ཞིག་ཡིན།  ལྷ་སའི་ཡུལ་སྐོར་ལས་དོན་ཁང་གི་ཡུལ་སྐོར་ལས་དོན་པ ༡༥༠ ལྷག་ཙམ་ཚོགས་འདུར་ཞུགས་ཡོད། 
ཧྲང་ཧེ་གྲོང་ཁྱེར་གྱི་ཤིན་སྐྱོར་ལས་བྱེད་པ། གཡས་ཁྲེང་རྫོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རྫོང་དཔོན་གཞོན་པ་ཀྲང་པིང་གིས།  འོས་སྦྱོར་ཚོགས་འདུའི་ཐོག་ཤིན་བོད་གཞུང་ལམ་གྱི་འགོ་འཛུགས་སའི་གཡས་ཁྲེང་རྫོང་གིས་ལོ་གསུམ་གོང་ནས་ཤིན་བོད་གཞུང་ལམ་གྱི་ཡུལ་སྐོར་ལམ་ཐིག་གསར་སྤེལ་བྱེད་འགོ་བཙུགས་པ་དང་ད་ལྟ་ལམ་ཐིག་གི་ཆ་རྐྱེན་ཡོངས་སུ་འཛོམས་ཡོད་ཅེས་ངོ་སྤྲོད་གནང་བ་རེད། 
མངའ་རིས་ས་ཁུལ་ཡུལ་སྐོར་གོང་འཕེལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱི་ཝུན་མིན་གྱིས།  ཉེ་བའི་ལོའི་ནང་འགྲིམ་འགྲུལ་ཆ་རྐྱེན་ལེགས་བཅོས་བྱུང་བ་དང་ཡུལ་སྐོར་ཐད་ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་སྦྲགས།  མངའ་རིས་ཡུལ་སྐོར་གྱི་སྐད་གྲགས་ཆོད་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་སྣེ་ལེན་ཞུས་པའི་ཡུལ་སྐོར་བའི་མི་ཐེངས་དེ།  སྤྱི་ལོ ༢༠༡༦ ལོའི་ཁྲི་ཚོ ༤༠ ལྷག་ཙམ་ནས་སྤྱི་ལོ ༢༠༡༨ ལོའི་མི་ཐེངས་ཁྲི་ཚོ ༨༨ བར་མང་དུ་ཕྱིན་པ་དང་ལོ་རེར་ཆ་སྙོམས་བརྒྱ་ཆ ༢༠ འཕར་བ་དང་།  ཡུལ་སྐོར་དེ་ཉིད་མངའ་རིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་ཁྲིད་གཏོང་བའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད་ཅེས་གསུངས་པ་རེད།  
འོས་སྦྱོར་ཚོགས་འདུའི་ཐོག གཡས་ཁྲེང་ཡུལ་སྐོར་ཁེ་ལས་ཀྱིས་ད་དུང་ལྷ་སའི་ཡུལ་སྐོར་ལས་དོན་ཁང་དབར་གཡས་ཁྲེང་གི་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཞེས་པའི་ཐོན་ལས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་ཏེ།  ཐུན་མོང་ཐོག་ཤིན་བོད་གཞུང་ལམ་གྱི་ཡུལ་སྐོར་ཐོན་རྫས་གསར་སྤེལ་བྱེད་རྩིས་ཡོད།། 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]