རང་སྐྱོང་ལྗོངས་རིམ་པའི་ལས་གཏོད་སྐྱོང་སྤེལ་རྟེན་གཞི་ཁག་དང་པོའི་སྒོ་བྱང་བཀལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་མི་སྤྱི་ཐིང་གིས་ཁག་དང་པོའི་རང་སྐྱོང་ལྗོངས་རིམ་པའི་ལས་གཏོད་སྐྱོང་སྤེལ་རྟེན་གཞི་སྟེ།  བོད་ལྗོངས་སློབ་ཆེན་རྨོང་སླིད་ཧྥང་ཞེས་པའི་སློབ་ཆེན་སློབ་མའི་ལས་གཏོད་སྐྱོང་སྤེལ་རྟེན་གཞིར་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་རེད།  སློབ་ཆེན་སློབ་མའི་ལས་གཏོད་སྐྱོང་སྤེལ་རྟེན་གཞི་དེ་ནི།  སྤྱི་ལོ ༢༠༡༧ ལོར་ལྗོངས་མི་སྤྱི་ཐིང་དང་ནོར་སྲིད་ཐིང་།  བོད་ལྗོངས་སློབ་ཆེན་བཅས་ཀྱིས་ཐུན་མོང་ཐོག་བཙུགས་པ་ཞིག་ཡིན་པ་དང་།  རྟེན་གཞི་དེ་སྐྲུན་པ་ནས་བཟུང་།  དེར་ཡོད་སློབ་མ་ཚོར་ལས་གཏོད་ཀྱི་སྔོན་སྦྱོངས་བྱེད་ས་ཞིག་མཁོ་འདོན་བྱས་པ་མ་ཟད།  སྤྱི་ཚོགས་ཕྱོགས་ཁག་ལ་མཐུན་སྦྱོར་ཧུར་ཐག་བྱས་ཏེ་བཅའ་སྡོད་ཁེ་ལས་ལ་ཁེ་ལས་ཐོ་འགོད་དང་ཁེ་ལས་བརྟག་དཔྱད།  ལས་གཏོད་ཇུས་བཀོད་སོགས་ཐད་ཀྱི་སྟབས་བདེའི་ཞབས་ཞུ་ཡང་སྒྲུབ་ཀྱི་ཡོད་པས།  རྟེན་གཞི་དེ་ལས་གཏོད་ལག་ལེན་དང་ལས་གཏོད་མཛུབ་ཁྲིད།  ལས་གཏོད་སྤེལ་རེས་སོགས་ཀྱི་ནུས་པ་མང་པོ་གཞི་གཅིག་ཏུ་སྒྲིལ་བའི་ཕྱོགས་བསྡུས་ལས་གཏོད་ཞབས་ཞུའི་སྟེགས་བུ་ཞིག་ཏུ་གྱུར་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ ༢༠༡༨ ལོར་ལྗོངས་མི་སྤྱི་ཐིང་གིས་ལྗོངས་ནོར་སྲིད་ཐིང་དང་མཉམ་འབྲེལ་ཐོག  བོད་རང་སྐྱོང་ལྗོངས་ཀྱི་རང་སྐྱོང་ལྗོངས་རིམ་པའི་ལས་གཏོད་སྐྱོང་སྤེལ་རྟེན་གཞི་གཏན་འཁེལ་དོ་དམ་བྱ་ཐབས་ཞེས་པ་བཟོས་ཏེ་འཛུགས་སྐྲུན་གྱི་གཞི་ཁྱོན་དང་ཞབས་ཞུའི་ནང་དོན།  སྲིད་ཇུས་རོགས་སྐྱོར་སོགས་ཚད་ལྡན་བཟོས་ཡོད།  སྤྱི་ལོ ༢༠༡༨ ལོའི་ཟླ ༡༠ པར།  ཁག་དང་པོའི་རང་སྐྱོང་ལྗོངས་རིམ་པའི་ལས་གཏོད་སྐྱོང་སྤེལ་རྟེན་གཞི་ཞིབ་དཔྱད་གཏན་འཁེལ་ལས་དོན་སྤེལ་འགོ་ཚུགས་ནས།  བོད་ལྗོངས་སློབ་ཆེན་རྨོང་སླིད་ཧྥང་ཞེས་པའི་སློབ་ཆེན་སློབ་མའི་ལས་གཏོད་སྐྱོང་སྤེལ་རྟེན་གཞི་དང་ལྷ་སའི་གླིང་སྣེ་གསུམ་པའི་དམངས་སྐྲུན་བྱ་ཡུལ།  ཆབ་མདོའི་ཁམས་པའི་དམངས་སྐྲུན་བྱ་ཡུལ་བཅས་ཚན་པ་གསུམ་ཁག་དང་པོའི་རང་སྐྱོང་ལྗོངས་རིམ་པའི་ལས་གཏོད་སྐྱོང་སྤེལ་རྟེན་གཞིའི་གྲས་སུ་གཏན་འཁེལ་བྱས་ཡོད།

གོམ་སྟབས་རྗེས་མར།  ལྗོངས་མི་སྤྱི་ཐིང་སོགས་འབྲེལ་ཡོད་ཚན་པས་མ་དངུལ་འགན་སྲུང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ།  སྐྱོང་སྤེལ་ཁེ་ལས་ཀྱི་གྲངས་ཚད་དང་ལས་ཞུགས་མི་གྲངས་སྐོང་འཐེན་སོགས་ཀྱི་ཆ་རྐྱེན་གཞིར་བཟུང་།  ལས་གཏོད་བྱ་ཡུལ་གསུམ་ལ་སྡེབས་གཅིག་ཏུ་འཛུགས་སྐྲུན་རོགས་སྐྱོར་མ་དངུལ་སྒོར་ཁྲི ༤༠༠ ནས ༨༠༠ བར་སྤྲོད་རྒྱུ་དང་འཁོར་སྐྱོད་དོ་དམ་གྲོན་དངུལ་གྱི་ཁ་གསབ་སྒོར་ཁྲི ༡༠༠ ནས ༢༠༠ བར་སྤྲོད་རྒྱུ།  ལས་གཏོད་དྲིལ་བསྒྲགས་དང་སྤེལ་རེས།  སྦྱོང་བརྡར་སོགས་ལས་གཏོད་ཞབས་ཞུའི་ཐད་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ།  ལས་གཏོད་སྐྱོང་སྤེལ་རྟེན་གཞི་དེ་རང་ལྗོངས་ཀྱི་དཔེ་སྟོན་སྣེ་ཁྲིད་རང་བཞིན་གྱི་ལས་གཏོད་རྟེན་གཞི་ཞིག་ཏུ་འགྱུར་བ་བྱེད་རྒྱུ།  ལས་གཏོད་མཛུབ་ཁྲིད་དགེ་རྒན་གྱི་སྦྱོང་བརྡར་གཉེར་ནས་མཛུབ་ཁྲིད་དགེ་རྒན་གཙོ་གནད་ཐོག་གསོ་སྐྱོང་བྱེད་པ་དང་།  ཕུལ་བྱུང་ཁེ་ལས་མཁས་ཅན་གྱི་བརྒྱུད་རོགས་ཁྲིད་གསུམ་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་ལས་གཏོད་བྱེད་མཁན་དེ་བས་མང་བས་རང་བདག་ལས་གཏོད་བྱེད་རྒྱུར་སྐུལ་ལྕག་དང་རོགས་རམ་བྱེད་རྒྱུ་བཅས་རེད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]