རང་ལྗོངས་ཀྱིས་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  རང་ལྗོངས་ཀྱིས་ཕོ་བྲང་པོ་ཏ་ལ་ཞོལ་གྲོང་དུ་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།  བྱེད་སྒོ་སྤེལ་ཡུལ་དུ་རང་སྐྱོང་ལྗོངས་རིག་དངོས་ཅུད་དང་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་སོགས་འབྲེལ་ཡོད་ཚན་པས།  མང་ཚོགས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་དང་བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་སྲོལ་ཡིག་དང་བོད་རང་སྐྱོང་ལྗོངས་ཕོ་བྲང་པོ་ཏ་ལའི་ཤུལ་བཞག་རིག་གནས་སྲུང་སྐྱོབ་དོ་དམ་སྲོལ་ཡིག་སོགས་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་དང་འབྲེལ་ཡོད་དྲིལ་བསྒྲགས་དཔྱད་གཞི་དང་རིག་གནས་གསར་གཏོད་ཐོན་རྫས་ཆུང་ངུ་རིན་མེད་ངང་སྤྲད་པ་མ་ཟད།  ཡིག་རིས་དང་པར་རིས་ཐོག་ནས་རང་ལྗོངས་ཀྱི་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཐད་ཐོབ་པའི་གྲུབ་འབྲས་དང་ལྷག་པར་དུ་གསར་བརྗེའི་རིག་དངོས་སྲུང་སྐྱོབ་ཀྱི་གནས་ཚུལ་འགྲེམས་སྤེལ་བྱས་ཏེ།  རྒྱ་ཆེའི་མང་ཚོགས་ལ་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་གོང་འཕེལ་ཁྲོད་འདོན་སྤེལ་བྱས་པའི་གལ་ཆེའི་ནུས་པ་མྱོང་ཚོར་ཐུབ་པ་བྱས་པ་དང་ཆབས་ཅིག  ལྷ་ས་རྫོང་རྒྱབ་ཀླུ་ཁང་དུ་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་སླད་ཤང་གི་མོན་པའི་ཨ་ཅེ་ལྷ་མོ་འཁྲབ་སྟོན་ཡང་བྱས་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  ད་ལོའི་སྤྱི་ཟླ ༥ པའི་ཟླ་དཀྱིལ་ནས་ལོ་མཇུག་བར་དུ་རང་སྐྱོང་ལྗོངས་རིག་དངོས་ཅུད་ཀྱིས་གསར་བརྗེའི་རིག་དངོས་སྲུང་སྐྱོབ་བྱས་ནས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་ཅེས་པའི་བྱེད་སྒོ་དང་།  བོད་ལྗོངས་ནི་གནའ་སྔ་མོ་ནས་མེས་རྒྱལ་གྱི་ཁ་ཕྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་ཞེས་པའི་ལོ་རྒྱུས་ཀྱི་གཙོ་དོན་དང་དམ་པོར་བསྟུན་ཏེ།  རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་ཕྱོགས་ཡོངས་དང་ཕྱོགས་མི་འདྲ་བའི་ཐོག་ནས།  བོད་ཀྱི་རིག་གནས་དང་ཀྲུང་ཧྭ་ཡི་རིག་གནས་གཉིས་འབྱུང་རྩ་གཅིག་ཡིན་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་ལྡན་ཚུལ་གསལ་འགྲེལ་བྱས་ཏེ།  རྒྱ་ཆེའི་མང་ཚོགས་ཚོར་རྒྱལ་གཅེས་ཀྱི་བརྩེ་བ་སྔར་བས་འཕེལ་བ་བྱས་ནས།  རིག་གནས་སྲུང་སྐྱོབ་དང་བེད་སྤྱོད་ནང་མི་ཚང་མ་ཞུགས་པ་དང་མི་ཚང་མར་རིག་དངོས་བདེ་འཇགས་ཀྱི་འགན་འཁྲི་ཡོད་པའི་འདུ་ཤེས་ལྡན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]