ཉིང་ཁྲིས་ཉེན་བརྡའི་སློབ་གསོའི་བྱེད་སྒོ་ཏན་ཏིག་སྤེལ་ནས་སྤྱོད་གཙང་གཞུང་དྲང་གི་ཁོར་ཡུག་བཟང་པོ་ཞིག་གཏོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༩ ལོའི་ཚུན་དུ།  ཉིང་ཁྲི་གྲོང་ཁྱེར་གྱིས་ཉེན་བརྡའི་སློབ་གསོའི་བྱེད་སྒོ་ཏན་ཏིག་སྤེལ་ནས་སྤྱོད་གཙང་གཞུང་དྲང་གི་ཁོར་ཡུག་བཟང་པོ་ཞིག་སྔར་བས་གཏོད་དེ།  དཔུང་ཁག་ཏུ་རུལ་སུངས་བཀག་འགོག་དང་ངོ་འགྱུར་སྔོན་འགོག་གི་ནུས་པ་ཆེ་རུ་བཏང་ནས།  ཏང་ཡོན་ལས་བྱེད་པའི་བསམ་བློ་ཀུན་སྤྱོད་ཀྱི་འགོག་སྲུང་ནུས་པ་བརྟན་དུ་བཏང་ཡོད།

ཉིང་ཁྲི་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས།  རིམ་ཁག་ཚན་པ་ཁག་ལ་བོད་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ཞེས་པ་དང་།  བོད་དུ་རུལ་སུངས་ལ་ངོ་རྒོལ་བྱས་ནས་བྲོས་བྱོལ་བ་རྗེས་འདེད་གཏོང་བ་ཞེས་པ།  ཉིང་ཁྲིའི་སྤྱོད་གཙང་ཞེས་པ་སོགས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གྱི་ཉེན་བརྡའི་སློབ་གསོའི་པར་གཞི ༦༥༠ ལྷག་སྤྲད་པ་དང་།  ལས་ཁུངས་ཁག་གིས་ལས་བྱེད་ལས་བཟོ་གཅིག་སྡུས་ཐོག་སྒྲིག་འཛུགས་བྱས་ནས།  སློབ་གསོའི་པར་གཞི་ཐེངས ༡༢༠༠ ལྷག་ཙམ་བལྟས་པར་མི་ཐེངས་ཁྲི ༥ ལྷག་ལ་སློབ་གསོ་ཐེབས་ཡོད།

རིམ་ཁག་ཚན་པ་ཁག་གི་ཏང་སྲིད་དབུ་ཁྲིད་གཙོ་བོས་ཁྱོན་སྲིད་གཙང་འཛུགས་སྐྱོང་སྐོར་གྱི་ཏང་གི་སློབ་ཚན་ཐེངས ༡༨༠ ལྷག་འཁྲིད་པས།  ཏང་ཡོན་ལས་བྱེད་པ་མི་ཐེངས ༦༠༠༠ ལྷག་ལ་སློབ་གསོ་ཐེབས་ཡོད།  ད་དུང་དབུལ་སྐྱོར་ཁྱབ་ཁོངས་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བ།  འགན་མི་འཁུར་བ་དང་དོན་གཉེར་མི་བྱེད་པ་སོགས་མང་ཚོགས་ཀྱི་ཉེ་འགྲམ་དུ་ལྷག་པའི་རུལ་སུངས་ཆུང་ཙག་གི་དཔེ་མཚོན་གནད་དོན་ཐག་གཅོད་ཐུབ་རིམ་བཞིན་བརྡ་ཁྱབ་ཐེངས་རེ་གཏོང་ཐུབ་པ་བྱས་ཡོད།

ད་བར་རིམ་ཁག་བཅའ་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་ཁག་གིས་ཁྱོན་བཅའ་སྡོད་བྱ་ཡུལ་ལས་ཁུངས་ཁག་ལ་ཆད་གཅོད་གཏན་འབེབས ༣༠ ལྷག་སྒྲོག་སྦྱངས་བྱས་ནས།  ལས་བྱེད་ལས་བཟོ་པ་མི་ཐེངས ༡༢༠༠ ལྷག་ལ་སློབ་གསོ་ཐེབས་པ་བྱས་ཡོད།  དེའི་རྨང་གཞིའི་ཐོག་འཕྲིན་ཕྲན་དང་དྲ་ཚུགས་སོགས་བརྒྱུད་དེ་དུས་བཀག་ལྟར་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྲིད་གཙང་གི་འཕྲིན་ཐུང་དང་ཆ་འཕྲིན་བཏང་ནས་སྤྱོད་གཙང་གཞུང་དྲང་གི་ཁོར་ཡུག་བཟང་པོ་བཏོད་ཡོད།  ད་ལོའི་ཚུན་དུ་ཁྱོན་སྲིད་གཙང་གི་འཕྲིན་ཐུང་དང་ཆ་འཕྲིན ༥༠༠༠ ལྷག་བཏང་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]