ལྷ་ཉིང་ལྕགས་ལམ་རྒྱུད་ཀྱི་དགོན་མདོ་སྡིངས་ཕུག་ལམ་ཤར་གཏོང་ཐུབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༩ ཉིན།  ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་རྒྱུད་ཀྱི་ཕུག་ལམ་རིང་གྲས་གསུམ་པ་སྟེ་སྤྱིའི་རིང་ཚད་ལ་སྤྱི་ལེ ༡༣.༥༩ ཡོད་པའི་ཉིང་ཁྲི་གྲོང་ཁྱེར་དགོན་མདོ་སྡིངས་ཕུག་ལམ་ཧྲིལ་པོ་ཤར་གཏོང་ཐུབ་ཡོད།  སྨན་གླིང་རྫོང་ཨོ་རོང་གྲོང་རྡལ་ཁྱབ་ཁོངས་སུ་གནས་པའི་དགོན་མདོ་སྡིངས་ཕུག་ལམ་དེའི་ཆ་སྙོམས་ས་བབ་མཐོ་ཚད་སྨིད ༣༡༠༠ དང་ས་ངོས་བར་ཐག་སྨིད ༡༥༠༠ ཟིན་པ་དང་།  དགོན་མདོ་སྡིངས་ཕུག་ལམ་ཤར་གཏོང་ཐུབ་པ་དེས་ལྷ་ཉིང་ལྕགས་ལམ་ཧྲིལ་པོའི་འགག་གནད་ཚོད་འཛིན་རང་བཞིན་གྱི་ལས་གྲྭར་དུས་མཚམས་རང་བཞིན་གྱི་འགག་སྒྲོལ་བྱུང་བ་མཚོན་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན།  ཨར་ལས་ཀྱི་བརྒྱུད་རིམ་ཁྲོད་བྲག་རྡོ་ཉིལ་བ་དང་ས་དྲོད་མཐོ་བ། ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བ་བཅས་དཀའ་གནད་ཆེན་པོ་གསུམ་ལ་དམིགས་ཏེ།  རྣམ་གྲངས་སྤུས་ཚད་ཀྱི་རྩ་གཉིས་ཐག་རིས་དངོས་མིང་ལམ་ལུགས་ཀྱི་དོ་དམ་ཁྱབ་གདལ་བཏང་བ་དང་།  རྩ་གཉིས་ཐོག་རིས་སྤྱད་དེ་ལག་རྩལ་གསོ་སྦྱོང་གི་རྩིས་སྤྲོད་བྱས་ཏེ་ཨར་ལས་ཀྱི་བདེ་འཇགས་དང་སྤུས་ཚད་འགན་ལེན་བྱས་པ་རེད། 

གཞན་ཡང་།  ལྷ་ཉིང་ལྕགས་ལམ་དེ་སྤྱི་ལོ ༢༠༢༡ ལོར་བསྐྲུན་ཟིན་ཏེ་ཤར་གཏོང་ཐུབ་བཟོ་ཡོད་པས།  སྐབས་དེ་དུས་རང་རྒྱལ་ས་ཁོངས་ཁག་གི་ལྕགས་ལམ་དྲ་བའི་གྲུབ་ཚུལ་ལེགས་བཅོས་ཐུབ་རྒྱུ་མ་ཟད།  ཉེ་འཁོར་གྱི་དཔལ་འབྱོར་གོང་འཕེལ་དང་དམངས་འཚོ་ལེགས་བཅོས་ལ་སྐུལ་ཁྲིད་ཐེབས་རྒྱུ་རེད་ལ།  ལྗོངས་ཕྱི་ནང་མཉམ་སྦྲེལ་མཉམ་མཐུད་ལ་ཡང་སྐུལ་འདེད་ཐེབས་རྒྱུ་སོགས་ཀྱི་ཐད་དོན་སྙིང་གལ་ཆེན་ཡང་ལྡན་ཡོད།།   

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]