རང་ལྗོངས་ཀྱིས་བྱ་ཐབས་སྣ་ཚོགས་བཟུང་སྟེ་ཆུའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གོམས་སྟབས་མགྱོགས་སུ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  གསར་འགོད་པས་རང་ལྗོངས་ཆུ་བེད་ཚན་པ་ནས་ཤེས་རྟོགས་བྱས་པར་གཞིགས་ན།  རང་ལྗོངས་ཀྱིས་བྱ་ཐབས་སྣ་ཚོགས་བཟུང་སྟེ་ཆུའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གོམས་སྟབས་མགྱོགས་སུ་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།  སྤྱི་ལོ ༢༠༡༨ ལོར་རང་ལྗོངས་ཀྱིས་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ ༤༢༡ གི་ས་ཆུ་སྲུང་འཛིན་བྱས་པ་དང་ལོ་འཁོར་མོར་ཆུའི་ཐོན་ཁུངས་ཀྱི་གྲོན་དངུལ་བསྡུ་ཚད་སྒོར་ཁྲི་ཚོ ༥༠༠༠ ལས་བརྒལ་ཏེ་དུས་མཚུངས་པ་ལས་བརྒྱ་ཆ ༥༧ འཕར་བ་དང་།  ས་ཆུ་སྲུང་སྐྱོང་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར ༡.༣ བསྡུ་ལེན་བྱས་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༧༨ འཕར་ཡོད། 
ངོ་སྤྲོད་བྱས་པར་གཞིགས་ན།  རང་ལྗོངས་ནས་ལྗོངས་ཡོངས་སུ་ཆུའི་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དབྱེ་སྟེ།  རང་ལྗོངས་སུ་ས་མཚམས་སྒྲོལ་བའི་གཙང་པོའི་སྐྱེ་ཁམས་སྲུང་སྐྱོང་འཆར་འགོད་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་།  གཙང་པོའི་ཆུ་འགོའི་ཁུལ་གྱི་ཆུའི་སྐྱེ་ཁམས་སྲུང་སྐྱོབངལམ་སྲོལ་འཚོལ་ཞིབ་བྱས་ཐོག་གཙང་པོ་དང་མཚེའུ།  ཆུ་བོ་བཅས་ཀྱི་སྦྲེལ་མཐུད་སྐྱེ་ཁམས་སླར་གསོ་དང་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས།  ཆུའི་སྐྱེ་ཁམས་ཤེས་དཔལ་གྲོང་ཁྱེར་ཚོད་ལྟ་འཛུགས་སྐྲུན་གྱི་ལས་དོན་ལ་སྐུལ་འདེད་བཏང་བ་དང་ས་ཆུ་ཤོར་ཚད་ལ་བབ་བསྟུན་ལྟ་ཞིབ་ཚད་ལེན་བྱས་པ་རེད། 
ཤེས་རྟོགས་བྱས་པར་གཞིགས་ན།  གོམས་སྟབས་རྗེས་མར་རང་ལྗོངས་ནས་ཆུ་འགོའི་ཁུལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་།  འཐུང་ཆུའི་ཆུ་འགོའི་ཁུལ་གྱི་བདེ་འཇགས་འགན་སྲུང་གི་ཚད་གཞི་དང་ཞིབ་བཤེར་ཚོད་སྐོར་ལས་དོན་གཙོ་གནད་ཐོག་སྤེལ་རྒྱུ་རེད།  རང་ལྗོངས་ཀྱིས་ཆུ་བོ་རྒྱུགས་ཁུལ་སྟོད་སྨད་དུ་སྐྱེ་ཁམས་སྲུང་སྐྱོང་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་ནས།  ཞིབ་དཔྱད་འགྲོ་ལུགས་ཆ་མི་ཚང་བ་དང་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་བཟོ་བའི་ཆུ་ཤུགས་གློག་ཁང་ལ་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱས་ཏེ།  གྲོང་གསེབ་ཆུ་ཤུགས་གློག་ཁང་གི་སྐྱེ་ཁམས་ཁོར་ཡུག་ཐད
་ཐོན་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]