རང་ལྗོངས་ཀྱིས་ཞོད་ཐན་འགོག་སེལ་ལས་ཀར་བཀོད་སྒྲིག་ཞིབ་ཚགས་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྗོངས་ཡོངས་ཀྱི་ཞོད་ཐན་འགོག་སེལ་ལས་ཀའི་སྤྱི་ལོ ༢༠༡༩ ལོའི་བརྙན་ལམ་ཚོགས་འདུ་ཉིན་ཤས་གོང་འཚོགས་པ་དང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཞོད་ཐན་འགོག་སེལ་བཀོད་འདོམས་པུའི་བཀོད་འདོམས་པ་རྒྱལ་མཚན་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

རྒྱལ་མཚན་ནས་ད་ལོ་རང་ལྗོངས་སུ་སྤྱིར་ན་སྐམ་ཤེས་ཆེ་བས་རིམ་ཁག་ཚན་པ་ཁག་གིས་གནོད་འཚེ་འགོག་སེལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ།  བདེ་འཇགས་ཨང་དང་པོར་འཇོག་པ་དང་ཚེ་སྲོག་གོང་དུ་བཀུར་བའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཞོད་ཐན་འགོག་སེལ་གྱི་ལས་དོན་ཡག་པོ་སྤེལ་རྒྱུར་གཞི་ཚུགས་ཏེ།  ཞོད་ཐན་འགོག་སེལ་གྱི་ལྷུ་ཚིགས་ཁག་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱས་ཐོག  ཁྲིམས་དང་ཚན་རིག་དང་མཐུན་པའི་ངང་ཁུལ་ཁོངས་དབྱེ་བ་དང་ལས་རིགས་དབྱེ་བ།  གཙོ་གནད་དབྱེ་བ་བཅས་བྱས་ཏེ་ཞོད་ཐན་འགོག་སེལ་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ་བཅས་ཀྱི་སྒོ་ནས།  སྔོན་ཇུས་ཀྱི་ནུས་པ་འདོན་སྤེལ་དང་གྲ་སྒྲིག་ཨང་གསར་ཐུབ་པ་བྱེད་པ་དང་།  བཀོད་འདོམས་ཚན་རིག་དང་མཐུན་ཞིང་ཕན་ནུས་ཆེ་བ་ཡོང་བ་བྱས་ཏེ།  ད་ལོའི་ཞོད་ཐན་འགོག་སེལ་ལས་ཀར་དོན་དངོས་ཕན་འབྲས་ཐོན་པ་བྱེད་དགོས་པའི་ནན་གསུངས་གནང་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]