རང་ལྗོངས་ཀྱིས་མཉམ་སྦྲེལ་དྲ་རྒྱའི་ཁེ་ལས་ཀྱི་ཏང་འཛུགས་ལས་ཀར་ཤུཌ་སྣོན་བརྒྱབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་ལྗོངས་དྲ་སྦྲེལ་ཁེ་ལས་ཀྱི་ཏང་འཛུགས་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ ༢༠༡༨ ལོའི་ལོ་མཇུག་བར་རང་ལྗོངས་ཀྱི་དྲ་རྒྱ་སྤྱོད་མཁན་གྱི་གྲངས་འབོར་ཁྲི་ཚོ ༢༨༥.༩ ཟིན་པ་དང་ཐོ་འགོད་བྱས་པའི་མཉམ་སྦྲེལ་དྲ་རྒྱའི་ཁེ་ལས ༨༠༠ ལས་བརྒལ་བ།  གློག་རྡུལ་ཚོང་དུད་ཁྲི ༣ ལས་བརྒལ་བ།  མཉམ་སྦྲེལ་དྲ་རྒྱའི་ལས་གཉེར་པ་ཁྲི་ཁ་ལོན་པ།  ལོ་འཁོར་མོའི་དྲ་བའི་ཉོ་ཚོང་གྲངས་འབོར་སྒོར་དུང་ཕྱུར ༨༨ ལས་བརྒལ་བ་བཅས་བྱུང་ཡོད། 
ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་བསོད་ནམས་དོན་གྲུབ་ནས་དྲ་སྦྲེལ་ཁེ་ལས་ཀྱི་ཁྱབ་རྒྱ་ཆེ་བ་དང་ཤུགས་རྐྱེན་ཐེབས་ཚད་ཟབ་པས།  དྲ་སྦྲེལ་ཁེ་ལས་ཀྱི་ཏང་འཛུགས་ལས་ཀར་ཤུགས་སྣོན་བརྒྱབ་སྟེ་དྲ་སྦྲེལ་ཁེ་ལས་ལ་གསར་བརྗེའི་གཞི་རྒྱུ་སྣོན་པ་དེ་ནི།  ཏང་གི་ཆབ་སྲིད་རྨང་གཞི་སྲ་བརྟན་གཏོང་བའི་ལྡོག་མེད་གདམ་ག་ཞིག་དང་།  དྲ་བར་དོ་དམ་དང་བཅོས་སྐྱོང་གི་ལས་ཀའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བའི་ལྡོག་མེད་བླང་བྱ་ཞིག་རེད་ཅེས་གསུངས། 
ངོ་སྤྲོད་བྱས་པར་གཞིགས་ན།  ཉེ་བའི་ལོའི་ནང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་ནས་དྲ་སྦྲེལ་ཁེ་ལས་ཀྱི་ཏང་འཛུགས་ལས་དོན་དེ་དྲ་སྦྲེལ་མྱུར་འཕེལ་ལས་ཀའི་རྨང་བརྟན་བྱ་ཐབས་ཞིག་ལ་རྩིས་ནས།  བྱ་ཐབས་ནུས་ལྡན་དང་བྱ་ཐབས་གསར་པ་རབ་དང་རིམ་པ་བཟུང་སྟེ།  ལྗོངས་ཡོངས་སུ་ཐོ་འགོད་བྱས་པའི་དྲ་ཚུགས ༡༦༧༢ ཀྱི་ཏང་རྩ་འཛུགས་འཛུགས་སྐྲུན་དང་ཏང་གི་ལས་ཀའི་བབ་བསྟུན་དོ་དམ་ཁྱོན་ཡོངས་ལ་ཁྱབ་པ་བྱེད་རྒྱུ་རེད། 
ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ། སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲུང་གྲུང་ཏུང་གིས།  གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་གཙོ་གནད་དང་དཀའ་གནད་ལ་དམིགས་ཏེ།  དྲ་སྦྲེལ་ཁེ་ལས་ཀྱི་ཏང་རྩ་འཛུགས་དང་ལས་དོན་ཁྱོན་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་ཤུགས་ཆེ་གཏོང་རྒྱུ་ཡིན་ཞེས་གསུངས།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]