རང་ལྗོངས་སུ་དམངས་ཀྱིས་བྱ་གཞག་གཏོད་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ཁྲལ་བསྡུའི་གཟིཌ་སྐྱོང་སྲིད་ཇུས་ལག་བསྟར་ཡག་པོ་བྱུང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་རྙན་འཕྲིན་དྲ།      སྤེལ་དུས།   2019-06-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གཉིས་གཏོད་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུར་འདེགས་སྐྱོར་བྱས་ཏེ་དཔལ་འབྱོར་གྲུབ་ཆ་ཕྱོགས་འགྱུར་རིམ་སྤོར་ལ་རོགས་རམ་བྱ་ཆེད།  རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ནས་དམངས་ཀྱིས་བྱ་གཞག་གཏོད་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་གསར་པའི་ཕྱོགས་སྟོན་དཔར་མ་ཅེས་པ་འགྲེམས་བསྒྲགས་བྱས་པ་དང་།  རང་ལྗོངས་འབྲེལ་ཡོད་ཚན་པས་རིགས་ཁག་གི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་བྱས་ཏེ།  དམངས་ཀྱིས་བྱ་གཞག་གཏོད་པ་དང་ཀུན་གྱིས་གསར་གཏོད་བྱེད་པ།  སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་བཏང་ཡོད།

དམངས་ཀྱིས་བྱ་གཞག་གཏོད་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་གསར་པའི་ཕྱོགས་སྟོན་དཔར་མ་ཅེས་པའི་ནང་།  རང་རྒྱལ་གྱིས་སྤྱི་ལོ ༢༠༡༩ ལོའི་ཟླ ༦ པའི་བར་གྱི་གསར་གཏོད་ལས་གཏོད་ཀྱི་ལྷུ་ཚིགས་གཙོ་བོ་དང་འགག་རྩའི་ཁྱབ་ཁོངས་ལ་དམིགས་ནས།  སྔ་རྗེས་སུ་བཏོན་པའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས ༨༩ བསྡུས་ཡོད་པས།  ཁེ་ལས་ཐོག་མར་གཏོད་པ་ནས་གོང་འཕེལ་ཕྱིན་པའི་བར་གྱི་དུས་རིམ་ཡོངས་ལ་ཁྱབ་པ་དང་།  གཟིགས་སྐྱོང་བྱ་བའི་ཕྱོགས་བསྒྲིགས་དེ་མུ་མཐུད་དུས་མཚམས་གསུམ་ལ་གཞིགས་ནས།  ཁེ་ལས་ཀྱི་ཐོག་མའི་འཚར་ལོངས་དུས་མཚམས་དང་སྟོབས་ཆེར་ཕྱིན་པའི་དུས་མཚམས་ལ་སྤྱོད་གོ་ཆོད་པའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཐད་རིགས་དབྱེ་ལེགས་སྒྲིག་བྱས་ཏེ།  ནང་དོན་ཐད་ལས་གཏོད་གསར་གཏོད་ལ་རྒྱབ་སྐྱོར་གྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཀྱི་གྲུབ་འབྲས་གསར་ཤོས་མངོན་པ་བྱེད་པ་དང་།  ལས་གཏོད་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཁེ་ལས་ཆུང་གྲས་ཀྱི་ཐོབ་ཁྲལ་ཕྱེད་ཀ་བཅག་པ།  ཁྲལ་བསྡུའི་ཁྱབ་ཁོངས་དེ་ལོ་འཁོར་གྱི་ཐོབ་ཁྲལ་དང་ཁྲི ༣༠ མན་ནས་རིམ་བཞིན་སྒོར་ཁྲི ༣༠༠ མན་བར་རྒྱ་ཆེར་བཏང་བ་བཅས་རེད།  འཕར་ཐང་ཁྲལ་རིན་དེ་སྒོར་ཁྲི ༣ ནས་ཁྲི ༡༠ བར་མཐོ་རུ་བཏང་བ་དང་།  སློབ་ཆེན་སློབ་ཐོན་སློབ་མ་དང་དམག་ཞབས་འཐིམ་པའི་དམག་མི་སོགས་གཙོ་གནད་མི་ཚོགས་ཀྱི་ལས་གཏོད་ལས་ཞུགས་སྲིད་ཇུས་ཀྱི་ཚད་གཞི་མཐོར་གཏོང་དང་ཁྱབ་ཁོངས་ཆེར་གཏོང་བྱས་པ་མ་ཟད།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་སྲིད་ཇུས་དེའི་ཁྱབ་ཁོངས་ནང་བཅུག་ཡོད།

རང་སྐྱོང་ལྗོངས་ཁྲལ་བསྡུ་ཅུས་སྲིད་ཇུས་ཁྲིམས་སྲོལ་ཁྲུའི་བརྟག་ཞིབ་པ་ཀན་ཤའ་ཡུལ་ནས།  བོད་དུ་ད་ལོའི་སྤྱི་ཟླ་བཞི་པའི་བར་ཁེ་ལས་ཀྱི་ཐོབ་ཁྲལ་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་ཐུབ་མཁན་ཚོང་དུད ༦༠༠༠ ལྷག་ཟིན་པ་དང་ཁྲལ་རིན་སྒོར་དུང་ཕྱུར ༡.༥ ལྷག་བཅག་ཡོད།  གོམ་སྟོབས་རྗེས་མར་སྲིད་ཇུས་ལོངས་སྤྱོད་བྱེད་མཁན་དང་ནང་དོན།  ཆ་རྐྱེན་གྱི་ཁྱབ་ཁོངས་བཅས་རེ་རེ་བཞིན་བཏོན་ཏེ།  སྲིད་ཇུས་དེ་དག་དྲིལ་བསྒྲགས་བྱས་ནས་མང་ཚོགས་ཀྱིས་ཤེས་རྟོགས་ཐུབ་པ་བྱེད་རྒྱུ་རེད་ཅེས་གསུངས།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]