ལྗོངས་ཏང་ཨུད་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོཌ་ཆུང་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་ཞིབ་བསྡུར་ཚོཌ་འདུ་འཚོཌ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-30

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་ཏང་ཨུད་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཚོགས་འདུ་དང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་ཞིབ་བསྡུར་ཚོགས་འདུ་ཐེངས་བཞི་པ་འཚོགས་ནས།  ཐོག་མའི་བསམ་འདུན་སྐྱོང་བ་དང་འགན་འཁྲི་ནན་འཁུར་བྱེད་པ།  ཧེ་བག་འཚོལ་བ།  དོན་འཁྱོལ་དམ་དུ་འཛིན་པ་བཅས་ཀྱི་སྤྱིའི་བླང་བྱར་དམིགས་པ་དང་།  དམངས་ཀྱི་ཆེད་དུ་ཞབས་ཞུ་སྒྲུབ་པ་དང་རང་འགན་གཙང་སྒྲུབ་བྱེད་རྒྱུར་དམིགས་ཏེ།  མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།  དམངས་ཆེད་ཞབས་ཞུ་སྒྲུབ་པ་དང་དཀའ་གནད་སེལ་བའི་བྱ་བ་ཁག་སྔར་བས་ཡག་པོ་སྒྲུབ་རྒྱུའི་ཐད་ཞིབ་བསྡུར་གཏིང་ཟབ་བྱས་པ་རེད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི། ལྗོངས་ཏང་ཨུད་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཇེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།  ཆེ་དགྲ་ལྷ་དང་ཏིང་གཡས་ཤན།  ནོར་བུ་དོན་གྲུབ།  ཧེ་ཝུན་ཧའོ།  པད་མ་དབང་འདུས།  ལེའུ་ཅང་།  ཝང་དབུད་ཏུང་བཅས་ཚོགས་འདུར་ཕེབས་ཡོད་པ་དང་ཀྲོང་ཡན་དང་བསྟན་ཁོ།  ཅང་ཇེ།  སྤེན་པ་བཀྲ་ཤིས།  གྲེན་ཡུང་ཆི་བཅས་ཀྱིས་ཁག་སོ་སོར་ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་ཏེ།  རང་རང་གི་ལས་དོན་དང་འགན་འཁུར་ཁྱབ་ཁོངས་དང་ཟུང་འབྲེལ་བྱས་ནས་གཏམ་བཤད་གནང་བ་རེད།

ཝུའུ་དབྱིང་ཇེ་ནས་གསུང་བཤད་གནང་སྐབས་ལྗོངས་ཏང་ཨུད་དང་སྲིད་གཞུང་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་མཛད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།  དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱེད་རྒྱུ་དེ་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་ཀྱི་འགོ་འཛུགས་ས་དང་དོན་ལ་བབ་སར་རྩིས་རྒྱུ་རྒྱུན་འཁྱོངས་བྱས་ནས།  དམངས་འཚོའི་གནད་དོན་དེ་ཐོག་མཐའ་བར་གསུམ་དུ་ལས་དོན་གལ་ཆེན་ལ་རྩིས་ནས།  མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་རྒྱུན་མཐུད་ལེགས་བཅོས་ཐུབ་པ་བྱས་ཏེ།  མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་།  བདེ་སྣང་བཅས་རྒྱུན་མཐུད་ཆེ་རུ་བཏང་ཡོད་ཅེས་གསུངས་པ་རེད།

ཝུའུ་དབྱིང་ཇེ་ནས་ང་ཚོས་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་གདེང་ཚོད་བཞི་བརྟན་དུ་གཏོང་བ།  སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ནས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།  དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་གྱི་འགོ་འཛུགས་ས་དང་དོན་ལ་བབ་ས་ཁོང་དུ་བརྟན་པོ་ཆུད་པ་བྱས་ཏེ།  མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་མངོན་འགྱུར་དང་སྲུང་སྐྱོང་།  གོང་འཕེལ་བཅས་ཡག་པོ་གཏོང་ཐུབ་པ་བྱེད་པ་དང་སེམས་ནུས་གཅིག་སྒྲིལ་ངང་དམངས་ཀྱི་འདོད་བློར་བསྟུན་པ་དང་དམངས་ཀྱི་སེམས་ཁྲལ་སེལ་བ།  དམངས་ལ་ཕན་བདེ་སྐྲུན་པ་བཅས་ཀྱི་བྱ་བཟང་ཡག་པོ་སྒྲུབ་སྟེ་དམངས་ལ་ཞབས་ཞུ་སྒྲུབ་པ་དང་དཀའ་གནད་སེལ་ནས།  མི་རིགས་ཁག་གི་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

ཝུའུ་དབྱིང་ཇེ་ནས་ཏང་ཡོན་ལས་བྱེད་པས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་ཞུ་སྒྲུབ་པའི་རྩ་བའི་དམིགས་ཡུལ་ལག་ལེན་གཏིང་ཟབ་བསྟར་བ་དང་།  མི་དམངས་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ནས་མང་ཚོགས་ཀྱི་ལྟ་བ་དང་ལངས་ཕྱོགས།  བརྩེ་སེམས།  ཞབས་ཞུ་བཅས་ཐད་ཀྱི་ཧེ་བག་འཚོལ་ཞིབ་མང་ཙམ་བྱས་ནས་རང་རྟོགས་ངང་མི་དམངས་དང་མཉམ་བཟའ་མཉམ་འཐུང་བྱས་ནས།  དམངས་ལ་ཕན་པ་སྐྲུན་པ་དང་དམངས་ཀྱི་ཆེད་དུ་འགན་འཁྲི་གཙང་སྒྲུབ་བྱེད་པའི་གྲུབ་འབྲས་ཀྱི་ཐོག་ནས་མི་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས་པ་དང་།  ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ལྟ་བ་ཡག་པོ་བཙུགས་ཏེ་དམངས་འཚོས་ཁྲིད་ཕྱོགས་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་།  མང་ཚོགས་ཀྱི་ལྟ་བ་དང་ལམ་ཕྱོགས་དེ་ཕྱི་ལག་ལེན་དུ་འཁྱོལ་བ་དང་ནང་སེམས་རྒྱུད་དུ་འཇགས་པ་བྱས་ཐོག  བརྩེ་བ་འཆང་སྟེ་མང་ཚོགས་ནས་སེམས་ཁྲལ་བྱེད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་ཏང་ལ་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ།  ཏང་གིས་བོད་དུ་ཡུན་རིང་སྲིད་འཛིན་པའི་བློས་འགེལ་ཆོག་པའི་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་འཛུགས་དགོས་པ།  དཀའ་རྙོག་སྲིད་གཞུང་ནས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་ཕན་པ་མང་ཚོགས་ལ་སྤྲོད་རྒྱུ་རྒྱུན་འཁྱོངས་བྱས་ནས།  བརྩེ་བ་འཆང་ནས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་དང་སློབ་གསོ།  སྨན་བཅོས་འཕྲོད་བསྟེན།  སྤྱི་ཚོགས་འགན་སྲུང་སོགས་ཐད་ཀྱི་མང་ཚོགས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་།  ལས་དོན་མཐའ་དག་དམངས་འཚོ་ལེགས་བཅོས་བྱེད་པའི་ཐད་བཞག་ཐོག  ལས་དོན་མཐའ་དག་མི་རིགས་ཁག་གི་མང་ཚོགས་ཀྱི་བློ་མགུ་མིན་དེ་ཞིབ་དཔྱད་ཀྱི་ཚད་གཞིར་འཛིན་པ་དང་སྒྲུབ་པའི་བྱ་བར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་སྒྲུབ་དགོས་པའི་བྱ་བ་འཕྲལ་མར་སྒྲུབ་པ།  དེང་སྐབས་སྒྲུབ་མི་ཐུབ་པའི་བྱ་བར་མཐུན་རྐྱེན་ཧུར་ཐག་སྦྱར་ནས་སྒྲུབ་གང་ཐུབ་བྱེད་པ་བཅས་ཀྱི་སྒོ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་།  བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ།  དམངས་འཚོ་ལེགས་བཅོས་བརྒྱུད་མང་ཚོགས་ཚོའི་བསམ་བློ་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་།  མི་རིགས་ཁག་གི་མང་ཚོགས་ཚོར་ད་ལྟའི་བདེ་སྐྱིད་འཚོ་བ་ནི་ཀྲུང་གོ་གུང་ཁྲན་ཏང་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་།  ཁྱད་འཕགས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཅས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ཤེས་པ་བྱེད་པ་དང་།  རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དབར་དང་དབྱེ་མཚམས་གསལ་པོ་འབྱེད་ཐོག  མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བཅངས་པའི་བརྩི་བཀུར་དང་དད་གུས།  དྲིན་འཚོར་བཅས་ཀྱི་བསམ་པ་དེ་རང་རྟོགས་ངང་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲངས་པ་བཅས་ལ་འགྱུར་རྒྱུ་དང་།  དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ལ་འགྱུར་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]