ཆེ་དགྲ་ལྷས་ཅིང་ཏུང་ཚོགས་པའི་བོད་སྐྱོད་བརྟག་ཞིབ་ཚོགས་པ་དང་ལྷ་སར་བཞུགས་མོལ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-01

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷ་སར་ཅིང་ཏུང་ཚོགས་པའི་ཀྲུའུ་ཞི་དང་དབུ་བཞུགས་ལས་འཛིན་དཔོན་ལིའུ་ཆང་ཏུང་གིས་སྣེ་ཁྲིད་གནང་བའི་བོད་སྐྱོད་བརྟག་ཞིབ་ཚོགས་པ་བཅས་པ་དང་བཞུགས་མོལ་གནང་སྟེ།  མཉམ་ལས་གཏིང་ཟབ་སྤེལ་རྒྱུའི་ཐད་སྤེལ་རེས་གནང་ཡོད།

ཆེ་དགྲ་ལྷ་ནས་ལིའུ་ཆང་ཏུང་དང་བཅས་པའི་བོད་སྐྱོད་བརྟག་ཞིབ་ཚོགས་པར་དགའ་བསུ་ཞུས་གནང་བ་དང་སྦྲགས།  བརྟག་ཞིབ་ཚོགས་པ་དང་བཅས་པས་བོད་ཀྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད།  རང་ལྗོངས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་རྗེས་ཆེ་དགྲ་ལྷ་ནས་ང་ཚོས་རྒྱ་ཆེའི་ཁེ་ལས་མཁས་ཅན་གྱིས་བོད་དུ་མ་འཇོག་ལས་དར་བྱས་ནས་དུས་རབས་གསར་པའི་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ཐུན་མོང་སྐུལ་འདེད་གཏོང་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཆེ་དགྲ་ལྷ་ནས་དུས་ཡུན་རིང་པོའི་ནང་ཅིང་ཏུང་ཚོགས་པས་བོད་ཀྱི་ཁྲོམ་རར་མཐོང་ཧ་ཅང་ཆེན་པོ་བྱས་པ་དང་།  བྲིན་ཚོང་སྟེགས་བུ་ཧུར་ཐག་གཏོད་དེ་ལྷ་སར་ཆེད་མངག་ཟོག་འདྲེན་བཀོད་གཏོང་ལྟེ་གནས་བཙུགས་ནས།  མི་རིགས་ཁག་གི་མང་ཚོགས་ཚོའི་འཚོ་བར་སྟབས་བདེ་བསྐྲུན་ཡོད་ལ་བོད་ཀྱི་ཁྱད་ལྡན་ཐོན་རྫས་ཀྱང་རྒྱལ་ཡོངས་ཀྱི་ས་ཆ་ཁག་ཏུ་བྲིན་ཚོང་ཐུབ་པས།  བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་ཚོའི་དགའ་བསུ་ཐོབ་ཡོད་ཅེས་གསུངས་པ་དང་སྦྲགས།  ཕྱོགས་གཉིས་པོས་གློག་རྡུལ་ཚོང་དོན་གྱི་ཟོག་འདྲེན་དང་ཐོན་ལས་གོང་འཕེལ།  སྤུས་རྟགས་གཏོད་པ་སོགས་ཐད་མཉམ་ལས་སྔར་བས་གཏིང་ཟབ་བྱས་ཏེ།  རང་ལྗོངས་ཀྱི་ཐོན་ལས་གོང་འཕེལ་དང་དབུལ་གྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་ནས་མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐུགས་རེ་གནང་བ་དང་།  ང་ཚོས་མིག་རྒྱང་ཡངས་པོའི་ཐོག་ནས་སྤུས་ལེགས་ཚོང་གཉེར་ཁོར་ཡུག་དང་སྤུས་ལེགས་ཀྱི་ཞབས་ཞུ་སྒྲུབ་སྟེ་ཕྱོགས་གཉིས་པོའི་མཉམ་ལས་གཏིང་ཟབ་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

ལིའུ་ཆང་ཏུང་དང་བརྟག་ཞིབ་ཚོགས་པའི་ཁོངས་མི་ནས་བོད་ཀྱི་གོང་འཕེལ་ལ་མདུན་ལམ་བཟང་བས་ཅིང་ཏུང་གློག་རྡུལ་ཚོང་དོན་གྱི་སྤུས་རྟགས་ཀྱི་ལེགས་ཆ་དང་བོད་ཀྱི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆར་གང་ལེགས་བརྟེན་ནས།  ཟོག་འདྲེན་ཞབས་ཞུ་སྔར་བས་ལེགས་པོ་སྒྲུབ་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་བཏང་ཐོག  ཁྱད་ལྡན་ཐོན་རྫས་རྒྱལ་ཡོངས་ཀྱི་ཁྲོམ་རའི་ཐོག་མཁོ་འདོན་ཐུབ་པ་བྱས་ཏེ་གཉིས་ཕན་གཉིས་ཐོབ་ཡོང་བ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]