ཆབ་མདོའི་འགྲིམ་འགྲུལ་བྱ་གཞག་གོང་འཕེལ་གྱི་རྣམ་པ་བཟང་པོ་ཐོན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-02

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་རིང་ཆབ་མདོ་གྲོང་ཁྱེར་གྱིས་མ་དངུལ་དང་རྣམ་གྲངས་གཞི་རིམ་དང་དམངས་འཚོའི་ཁྱབ་ཁོངས་སུ་འཕར་གཟིགས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  གྲོང་ཁྱེར་དེ་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བས།  རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད་པ་མ་ཟད།  ལྕགས་ལམ་དང་གཞུང་ལམ།  མཁའ་འགྲུལ་བཅས་ཕྱོགས་ཁག་ལ་ཤུགས་སྣོན་བརྒྱབ་ནས་རྒྱུན་མཐུད་ངང་འགྲིམ་འགྲུལ་གྱི་ཚད་བཀག་མེད་པ་བཟོས་ཡོད།

དེང་སྐབས་རྒྱལ་ལམ ༢༡༤ དང་ ༣༡༧ ལམ་རྒྱུད་ཀྱི་ཆབ་མདོ་གྲོང་རྡལ་ནས་ས་མཚམས་སྒྲོལ་བའི་ལམ་ཐིག་དང་སྔས་ལ་ཕུག་ལམ་བདེ་བླག་ངང་སྦྲེལ་མཐུད་ཐུབ་པ་མ་ཟད་བེད་སྤྱོད་བྱེད་འགོ་ཚུགས་ཡོད་པ་དང་།  ཞེ་ལ་ཕུག་ལམ་དང་གྲུ་གུ་ལའི་ཕུག་ལམ་ཤར་གཏོང་བདེ་བླག་བྱུང་ཡོད་པ།  ཁྲོན་བོད་ལྕགས་ལམ་གཡག་རྔ་ནས་ཉིང་ཁྲིའི་བར་རྒྱུད་ཀྱི་ལྕགས་ལམ་ལག་བསྟར་ཆོག་པའི་ཞིབ་འཇུག་སྙན་ཞུ་དང་འབྲེལ་བའི་ཕྱི་རོལ་ལས་ཀའི་རྩད་ཞིབ་འཆར་འགོད་ལས་དོན་སྤེལ་བཞིན་ཡོད་པ།  ཆབ་མདོ་ནས་ཤི་ཨན་བར་གྱི་ཕར་འགྲོ་ཚུར་འོང་གི་གནམ་གྲུ་བདེ་བླག་ངང་ཤར་གཏོང་ཐུབ་པ་བཅས་བྱུང་ཡོད།   སྤྱི་ལོ ༢༠༡༨ ལོར་ཆབ་མདོ་གྲོང་ཁྱེར་གྱིས་གྲོང་གསེབ་གཞུང་ལམ ༦༥༡ གསར་སྐྲུན་དང་འཕྲོ་སྐྱོང་བྱས་ཡོད་པས་གཞུང་ལམ་ལམ་ཐག་སྤྱི་ལེ ༥༠༨ གསར་སྣོན་ཐུབ་པ་དང་།  ཤང་༼ གྲོང་རྡལ ༽༢༠ དང་སྒྲིག་ཚུད་གྲོང་ཚོ ༢༡༡ ལ་གཞུང་ལམ་ཤར་གཏོང་ཐུབ་ཏེ་ཤང་༼ གྲོང་རྡལ ༽ཁག་ཏུ་གཞུང་ལམ་ཤར་གཏོང་ཐུབ་ཚད་དང་སྒྲིག་ཚུད་གྲོང་ཚོའི་གཞུང་ལམ་ཤར་གཏོང་ཐུབ་ཚད་ཁག་སོ་སོར་བརྒྱ་ཆ ༧༩.༧ དང་བརྒྱ་ཆ ༡༠༠ ཟིན་ཡོད། 

མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་སྔར་བས་ལེགས་བཅོས་གཏོང་ཆེད།  ཆབ་མདོ་གྲོང་ཁྱེར་གྱིས་ཆུ་བེད་འཛུགས་སྐྲུན་དང་ནུས་ཁུངས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ཡོད་པ་སྟེ།  སྟེང་ཆེན་དང་སྨར་ཁམས་སོགས་རྫོང་བརྒྱད་ཀྱི་ཞིང་ནང་ཆུ་བེད་ལས་གཞི་ཆུང་གྲས་དང་།  བྲག་གཡབ་ཀྱི་རང་གྲུབ་དང་མཛོ་སྒང་གི་བཀྲ་གཡུས་སོགས་ཞིང་ཆུ་འདྲེན་ཁུལ་བཞིའི་ལས་གཞི་འཛུགས་སྐྲུན་ཟིན་ནས་འཁོར་རྒྱུག་བྱེད་བཞིན་ཡོད་པ་རེད།  གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་གསེབ ༤༣༢༥ ཡི་འཐུང་ཆུའི་བདེ་འཇགས་བརྟན་གཏོང་རིམ་སྤོར་ལས་གཞི་ཁྱོན་ཡོངས་ནས་འཛུགས་སྐྲུན་ཟིན་པ་དང་།  གནས་སྤོས་དབུལ་སྐྱོར་དུད་ཚང་དང་ཞིང་འབྲོག་མང་ཚོགས་ཁྲི་ཚོ ༡༡.༨ ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་གང་ལེགས་ཐུབ་པ་མ་ཟད།  ཞིང་ཆུ་འདྲེན་ཁུལ་མུའུ་ཁྲི ༨.༡ གསར་སྣོན་དང་ལེགས་བཅོས་བྱས་ཤིང་།  ཆུ་བེད་རྨང་གཞིའི་སྒྲིག་བཀོད་ཐད་མ་དངུལ་སྒོར་དུང་ཕྱུར ༡༠.༧ བཏང་བ་རེད།  བོད་ཤར་རྒྱུད་དང་དབུས་རྒྱུད་ཀྱི་གློག་ཤུགས་དྲ་སྦྲེལ་ལས་གཞི་མཇུག་སྒྲིལ་ནས་འཁོར་རྒྱུག་བྱེད་བཞིན་ཡོད་པ་དང་།  རེས་སྐོར་གསར་པའི་གྲོང་གསེབ་གློག་དྲ་བསྒྱུར་བཟོ་རིམ་སྤོར་ལས་གཞི་འཛུགས་སྐྲུན་ཟིན་པ།  མཛོ་སྒང་རྫོང་གི་ཞྭ་གླིང་ཁ་གློག་ཁང་དང་སྟེང་ཆེན་རྫོང་གི་གཏམ་སྟོད་གློག་ཁང་གི་སྐུད་ལམ་བསྣུར་བསྲིང་ལས་དོན་སྒྲུབ་ཟིན་པ།  འགོ་འཇོ་རྫོང་གི་ནག་ཆུ་གློག་ཁང་དང་རི་ཆུ་གློག་ཁང་གི་ལག་རྩལ་བསྒྱུར་བཟོ་ཉམས་བཟོའི་ལས་གཞི་ཁྱོན་ཡོངས་ནས་ལེགས་སྒྲུབ་ཟིན་པ་བཅས་བྱུང་ནས།  མི་ཁྲི ༢.༧༣ གྱི་ཐོན་སྐྱེད་དང་འཚོ་བའི་ཐད་སྤྱོད་པའི་གློག་གི་གནད་དོན་ཐག་གཅོད་ཐུབ་ཡོད།། 

  ༼  རྩོམ་སྒྲིག་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]