རང་ལྗོངས་ཀྱིས་བདེ་ཐང་དབུལ་སྐྱོར་ལས་དོན་མུ་མཐུད་གང་ལེགས་སྤེལ་བཞིན་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-02

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༦ ལོར་རང་ལྗོངས་ཀྱིས་བདེ་ཐང་དབུལ་སྐྱོར་ལས་དོན་སྤེལ་འགོ་བཙུགས་ཚུན།  ལྗོངས་ཡོངས་ཀྱི་བདེ་ཐང་དབུལ་སྐྱོར་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་དང་།  སྤྱི་ལོ་༢༠༡༩ ལོར་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚན་པས་ཁོངས་གཏོགས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས།  ཤིན་ཏུ་དབུལ་བའི་ས་ཁུལ་གྱི་འཕྲོད་བསྟེན་དང་བདེ་ཐང་ཞབས་ཞུའི་ཉམ་ཞན་ལྷུ་ཚིགས་ལ་དམིགས་ཏེ་བདེ་ཐང་དབུལ་སྐྱོར་ལས་དོན་ཤུགས་ཆེ་སྤེལ་རྒྱུ་རེད།
གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ལོ ༢༠༡༩ ལོར་རང་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་དབུལ་ཕོངས་མི་འབོར་ཐ་གྲས་སྐྱོང་བའི་སྨན་བཅོས་འགན་སྲུང་བྱ་ཐབས་ལག་བསྟར་བྱས་ཏེ།  ཞིང་འབྲོག་ཁུལ་གྱི་དབུལ་ཕོངས་མང་ཚོགས་སྨན་ཁང་དུ་ཞག་སྡོད་སྨན་བཅོས་བྱེད་པ་དང་སྒོ་བསྟེན་སྨན་བཅོས་བྱེད་ཁོངས་ནང་མ་ཚུད་པའི་སྨན་བཅོས་གྲོན་དངུལ་གྱི་བསྡུར་ཚད་དེ་བརྒྱ་ཆ ༡༠ ཡི་ནང་ཚུན་དུ་ཚོད་འཛིན་བྱེད་རྒྱུ་དང་།  ད་ཡོད་ཀྱི་ལམ་ལུགས་ལ་གཞི་ཚུགས་ཏེ་ཐ་གྲས་སྐྱོང་བའི་འགན་སྲུང་བྱ་ཐབས་བཟུང་ནས་དབུལ་ཕོངས་མང་ཚོགས་སྒེར་ནས་སྤྲོད་དགོས་པའི་སྨན་རིན་གྱི་བསྡུར་ཚད་དམའ་རུ་གཏོང་རྒྱུ།  ནད་གཞི་ཚབས་ཆེ་བ་དང་གཅོང་ནད་ཐད་སྨན་བཅོས་གནད་འཕིགས་བྱེད་པ་བརྒྱུད།  ནད་གཞི་ཚབས་ཆེན་ཆེད་དོན་སྨན་བཅོས་ལས་ཀར་སྐུལ་སྤེལ་ཤུགས་ཆེ་གཏོང་རྒྱུ།  རྒྱལ་ཁབ་ནས་གཏན་འཁེལ་ཟིན་པའི་བུད་མེད་ཀྱི་འབྲས་སྐྲན་གཉིས་དང་གློ་བའི་འབྲས་སྐྲན་སོགས་ནད་རིགས ༡༣ ཆེད་དོན་སྨན་བཅོས་ཁྱབ་ཁོངས་ནང་འཇུག་རྒྱུ།  ནད་གཞི་ཚབས་ཆེན་ཆེད་དོན་སྨན་བཅོས་བྱེད་ཁོངས་ནད་རིགས ༢༨ བར་རིགས་དབྱེ་བྱས་ཏེ།  ནད་གཞི་ཚབས་ཆེ་རིགས་ཚང་མ་ཆེད་དོན་སྨན་བཅོས་བྱེད་ཁོངས་ནང་འཇུག་རྒྱུ་བཅས་རེད།
དེ་དང་ཆབས་ཅིག་ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་གི་ཁྱིམ་ཚང་སྨན་པའི་མཆན་འགོད་ཞབས་ཞུ་ཁྱབ་རྒྱ་ཆེ་རུ་གཏོང་ཐབས་བྱས་ཏེ།  ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟགས་ཁུའི་ནད།  འདུས་འདྲེལ་གཅོང་ནད་སོགས་གཅོང་ནད་ཕོག་མཁན་ལ་གཙོ་གནད་ཐོག་ཚད་ལྡན་ཅན་གྱི་དོ་དམ་ཞུ་སྒྲུབ་རྒྱུ་དང་།  དབུལ་ཕོངས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས།  ལྗོངས་ཡོངས་ཀྱི་ཤང་༼ གྲོང་རྡལ ༽དང་སྲིད་འཛིན་གྲོང་ཚོ་ཚང་མར་ཚད་ལྡན་གྱི་འཕྲོད་བསྟེན་ཁང་རེ་ཡོད་པ་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]