བརྟག་དཔྱད་ཞིབ་འཇུག་བརྒྱུད་དཀའ་གནད་སེལ་ཐབས་བྱེད་དགོས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

མི་དམངས་ཉིན་རེའི་ཚགས་པར་ཐོག  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་རྒྱུའི་སྐོར་གླེང་བའི་བརྟག་དཔྱད་ཞིབ་འཇུག་བརྒྱུད་དཀའ་གནད་སེལ་ཐབས་བྱེད་དགོས་ཞེས་པའི་དཔྱད་གཏམ་པའི་རྩོམ་ཡིག་སྤེལ་བ་རེད།

རྩོམ་ཡིག་ནང་།  ད་རེས་ཏང་ཡོངས་སུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་ཁྲོད་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུ་ནི་ཐབས་ལམ་ཞིག་ཡིན་པས།  ངེས་པར་དུ་བརྗོད་དོན་གཙོ་བོའི་བརྒྱུད་རིམ་ཡོངས་སུ་ཁྱབ་པ་བྱེད་དགོས།  ཁག་དང་པོའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན།  ས་གནས་ཁག་དང་ཚན་པ་ཁག  ལས་ཁུངས་ཁག་བཅས་ཀྱིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ།  བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུ་དེ་ཞིབ་ཚགས་སུ་གཏོང་བ་དང་བརྟག་དཔྱད་ཞིབ་འཇུག་བྱེད་པའི་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས།  བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་འཁོད་ཡོད།

རྩོམ་ཡིག་ནང་།  ད་རེས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་དམིགས་ཡུལ་གལ་ཆེན་ཞིག་ནི།  རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱེད་རྒྱུ་དང་།  གནད་དོན་གང་ཡིན་པ་དང་གནད་འགག་གང་ལ་ཐུག་པ་གསལ་རྟོགས་བྱས་ནས།  དཀའ་གནད་སེལ་བའི་བྱ་ཐབས་འདོན་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་རྒྱུ་དེ་རེད།  ཀྲུང་དབྱང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་བཀོད་གལ་ཆེན་གྱི་དགོངས་དོན།  ཏང་ཀྲུང་དབྱང་གི་མཛད་ཇུས་བཀོད་སྒྲིག་བཅས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་ཟུང་འབྲེལ་དམ་ཟབ་ངང་བརྟག་དཔྱད་ཞིབ་འཇུག་བྱས་ཐོག  བརྟག་དཔྱད་ཞིབ་འཇུག་དང་སློབ་སྦྱོང་།  བལྟ་བསྡུར་ཞིབ་བཤེར་བཅས་ཟུང་འབྲེལ་བྱས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པའི་ཁྲོད་གོ་བ་ལེན་པ་དང་།  རིག་པའི་གཞུང་ལུགས་དང་དོན་དངོས་འབྲེལ་བ་བྱེད་པའི་བརྒྱུད་རིམ་ཁྲོད་གནད་དོན་ཐག་གཅོད་བྱ་ཐབས་འཚོལ་ཞིབ་བྱེད་དགོས་ལུགས་གསལ་བཏོན་གནང་ཡོད་པས།  གནད་དོན་ངོ་མར་དམིགས་པ་དང་འབད་བརྩོན་ཧུར་ཐག་བྱས་ཐོག་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་བསད་ཏན་ཏིག་བྱས་ཚེ།  གཞི་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པའི་བརྒྱུད་རིམ་དེ་ཏང་གི་གསར་གཏོད་རིག་གཞུང་ལ་གོ་བ་ལེན་པའི་བརྒྱུད་རིམ་དང་།  མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་འཛུགས་པའི་བརྒྱུད་རིམ།  བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་བཅས་ལ་འགྱུར་ཐུབ་ཅེས་བཏོན་ཡོད།

རྩོམ་ཡིག་ནང་།  རིག་གཞུང་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་བརྟག་ཞིབ་ལས་དོན་ཏན་ཏིག་སྤེལ་བའི་རྨང་གཞིའི་ཐོག  འགོ་ཁྲིད་ཚན་ཁག་གི་ཁོངས་མིས་ཆེད་དོན་ཏང་གི་སློབ་ཚན་ཡག་པོ་འཁྲིད་པ་དང་།  འགན་འཁུར་བློ་མཐུན་གཙོ་བོས་སྣེ་ཁྲིད་དེ་སློབ་ཚན་འཁྲིད་པ།  དེ་མིན་ཚན་ཁག་གི་་ཁོངས་མིས་དོ་དམ་བྱེད་ཁོངས་དང་གཞི་རིམ་ཚན་པར་ཏང་གི་སློབ་ཚན་འཁྲིད་པ་བཅས་བྱེད་དགོས་ཤིང་།  ཏང་གི་སློབ་ཚན་ཐད་དམིགས་སའི་རང་བཞིན་མངོན་ཆེར་འཛིན་པ་དང་།  སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་བྱས་འབྲས་ཟུང་འབྲེལ་བྱས་ནས།  གཙོ་གནད་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་།  ལྷག་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཐད་ཀྱི་རང་ཉིད་ཀྱི་ངོས་འཛིན་གླེང་བ་དང་།  ཧེ་བག་དང་མི་གདེང་བའི་ཆ་གླེང་བ།  ལག་ལེན་ལ་མཛུབ་ཁྲིད་དང་བསྒྱུར་བཅོས་ལས་དོན་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དང་བྱ་ཐབས་གླེང་བ།  ཐོག་མའི་བསམ་འདུན་དང་འགན་འཁྲི་དོན་དུ་གཉེར་བའི་གོ་རྟོགས་གླེང་བ་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]