རང་ལྗོངས་ཀྱི་ཡུལ་ལུང་ཐོན་རྫས་སྔོན་ལ་ཚོད་ལྟ་བེད་སྤྱོད་བྱེད་པའི་ཕྱོཌ་བསྡུས་ཉམས་ལེན་ལྟེ་གནས་ཐོག་མ་དེ་གཉེར་སྐྱོང་བྱེད་འགོ་ཚུཌ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་ཡུལ་ལུང་ཐོན་རྫས་སྔོན་ལ་ཚོད་ལྟ་བེད་སྤྱོད་བྱེད་པའི་ཕྱོགས་བསྡུས་ཉམས་ལེན་ལྟེ་གནས་ཐོག་མ་དེ།  རང་སྐྱོང་ལྗོངས་འཕེལ་བསྒྱུར་ཨུ་ལྷན་གྱི་སྒོ་རའི་ནང་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་།  རང་ལྗོངས་ཀྱི་ཁེ་ལས ༡༤ ཡིས་ཐོན་སྐྱེད་བྱས་པའི་ནས་ཀྱི་བཟའ་བཅའ་དང་འཐུང་བྱ།  འབྲིའི་དཀར་ཆུའི་ཐོན་རྫས།  རང་བྱུང་འཐུང་ཆུ།  བོད་ལུགས་གསོ་རིག་དང་བོད་སྨན་སོགས་ཐོན་རྫས་རིགས ༨༠ བྲིན་ཚོང་བྱས་པ་མ་ཟད།  རང་ལྗོངས་ཀྱི་ཡུལ་ལུང་ཐོན་རྫས་དྲ་ཐོག་ཚོང་ཁང་སྙོམ་སྒྲིག་ཚོད་ལྟའི་དུས་མཚམས་སུ་སླེབས་ནས་ཉེ་དུས་ཚོད་ལྟ་གཉེར་སྐྱོང་བྱེད་རྩིས་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  ཉེ་བའི་ལོའི་རིང་།  རང་ལྗོངས་ཀྱི་ཐོན་ལས་དཔལ་འབྱོར་གོང་འཕེལ་མགྱོགས་པོ་ཕྱིན་པ་དང་།  འབྲུ་རིགས་ཐོན་རྫས་ལོ་བཞི་བསྟུད་མར་ཀྲོན་ཁྲི ༡༠༠ ལས་བརྒལ་བ་དང་རང་བྱུང་འཐུང་ཆུའི་ཇུས་འགོད་ཐོན་ནུས་ཀྲོན་ཁྲི ༤༠༠ ལས་བརྒལ་བ།  ས་མཐོའི་ཁྱད་ལྡན་འབྲོག་ལས་གོང་འཕེལ་མགྱོགས་པོ་ཕྱིན་པ།  རང་ས་ཆའི་ཨར་སྐྲུན་རྒྱུ་ཆའི་ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།  ཡུལ་ལུང་ཐོན་རྫས་ཉིན་རེ་བཞིན་ཕུན་སུམ་ཚོགས་སུ་ཕྱིན་པ།  ཐོན་ལས་གོང་འཕེལ་དེ་འགག་རྩའི་དུས་མཚམས་སུ་སླེབས་པ་བཅས་བྱུང་ཡོད།

སྤྱི་ལོ ༢༠༡༩ ལོའི་ཟླ་བ་དང་པོར།  རང་སྐྱོང་ལྗོངས་འཕེལ་བསྒྱུར་ཨུ་ལྷན་དང་དཔལ་འབྱོར་ཆ་འཕྲིན་ཐིང་།  ཚོང་དོན་ཐིང་བཅས་ཀྱིས་མཉམ་འབྲེལ་ཐོག་བོད་རང་སྐྱོང་ལྗོངས་ཡུལ་ལུང་ཐོན་རྫས་སྔོན་ལ་ཚོད་ལྟ་བེད་སྤྱོད་བྱེད་རྒྱུར་སྐུལ་སྤེལ་གཏོང་བའི་བྱ་སྤྱོད་ཇུས་གཞི་ཞེས་པ་པར་འགྲེམས་བྱས་པ་དང་།  ཚན་པ་ཁག་གིས་ཁག་སོ་སོར་སྣེ་ཁྲིད་དེ་ཡུལ་ལུང་ཐོན་རྫས་ལས་གྲྭ་དང་ལས་ཁུངས།  སློབ་གྲྭ  དཔུང་སྡེ།  ཁེ་ལས།  སྒོ་རྩིས་ཚོང་ཁང་བཅས་སུ་བྲིན་ཚོང་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག  རང་སྐྱོང་ལྗོངས་འཕེལ་བསྒྱུར་ཨུ་ལྷན་གྱིས་གྲོང་ཁྱེར༼ ས་ཁུལ ༽ཁག་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པ་སྒྲིག་འཛུགས་ཐོག  རང་ཁུལ་ཁོངས་དང་རང་ཚན་པའི་ཡུལ་ལུང་ཐོན་རྫས་བྲིན་ཚོང་བྱེད་ཚུལ་ཐད་བསྡོམས་རྩིས་རྒྱག་རྒྱུ་རེད།  ད་བར།  ལྗོངས་ཡོངས་ཀྱི་ཡུལ་ལུང་ཐོན་རྫས་ཐོན་སྐྱེད་བྱེད་མཁན་གྱི་ཁེ་ལས ༥༥༡ ཡོད་པ་དེ་དག་གིས་རིགས་ཆེན་པོ་ལྔའི་མུ་འབྲེལ་ཡུལ་ལུང་ཐོན་རྫས ༡༠༠༠ ལྷག་ཐོན་སྐྱེད་བྱེད་ཀྱི་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]