རང་ལྗོངས་ཀྱིས་བཟའ་བཅའི་བདེ་འཇགས་ལྟ་བསྡོམས་ལས་དོན་ཏན་ཏིག་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༨ ཉིན།  ལྗོངས་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་ལྟ་བསྡོམས་ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས་ནས།  བཟའ་བཅའི་བདེ་འཇགས་ལས་དོན་ཐད་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་གཙོ་བོ་དང་།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད།  འབྲེལ་ཡོད་ལྗོངས་ཐད་གཏོགས་ཚན་པ་དང་གྲོང་ཁྱེར༼ ས་ཁུལ ༽ཁག་གི་ལས་དོན་སྙན་ཞུ་ཉན་པ་རེད། 
ཚོགས་འདུའི་ཐོག རིམ་ཁག་ཚན་པ་ཁག་གིས་བསྒྱུར་བཅོས་གཏིང་ཟབ་བྱས་ཐོག་བཟའ་བཅའི་བདེ་འཇགས་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་དམིགས་ཚད་ལ་བལྟ་བསྡུར་བྱེད་པ་དང་།  བཟའ་བཅའི་བདེ་འཇགས་ཐད་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་འགན་འཁྲིའི་ལམ་ལུགས་ཀྱི་གཏན་འབེབས་དོན་འཁྱོལ་ནན་ཏན་བྱེད་དགོས་པ།  སྤེལ་བཞིན་པའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཐོག  བཟའ་བཅའི་བདེ་འཇགས་ལས་དོན་ལ་གཞིགས་ཏེ་ཧེ་བག་འཚོལ་བ་དང་དོན་འཁྱོལ་དམ་འཛིན་བྱས་ནས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ།  བཟའ་བཅའི་བདེ་འཇགས་ལས་དོན་སྤེལ་ནུས་ཞན་པ་སོགས་མངོན་གསལ་དོད་པའི་གནད་དོན་བརྒྱུད་རིམ་ལྡན་པའི་སྒོ་ནས་ཐག་གཅོད་བྱས་ཏེ།  བཟའ་བཅའི་བདེ་འཇགས་ལས་དོན་དེ་ཆུ་ཚད་གསར་པའི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]