ཉིང་ཁྲིས་གཅིག་བྱས་པ་ལྔའི་འཛུགས་སྐྱོང་ལས་དོན་བརྒྱུད་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་ཚུན་དུ་ཉིང་ཁྲི་གྲོང་ཁྱེར་གྱིས་གཅིག་བྱས་པ་ལྔའི་འཛུགས་སྐྱོང་ལས་དོན་ཏན་ཏིག་སྤེལ་ནས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་ཡོད།  ལྔ་བྱས་པ་གཅིག་འཛུགས་སྐྱོང་བྱེད་པའི་ནང་ཉིང་ཁྲི་གྲོང་ཁྱེར་གྱིས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཞབས་ཞུའི་དྲ་བ་འཛུགས་རྒྱུ་དང་།  ཁོའོ་རིམ་པ་དང་དེ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཅིག་གིས་སློབ་ཆེན་སློབ་ཐོན་སློབ་མ་རེ་ལས་ཞུགས་ལས་གཏོད་ཐུབ་རྒྱུ་འགན་ལེན་བྱེད་པ་དང་།  རྫོང་༼ ཆུས ༽ཁག་གིས་སློབ་ཆེན་སློབ་ཐོན་སློབ་མའི་ཞབས་ཞུ་ཁང་འཛུགས་རྒྱུར་མཛུབ་ཁྲིད་བྱེད་རྒྱུ།  ཉིང་ཁྲི་གྲོང་ཁྱེར་གྱིས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཆེད་སྒྲིག་དུས་དེབ་རྩོམ་སྒྲིག་བྱེད་རྒྱུ།  ཉིང་ཁྲི་གྲོང་ཁྱེར་གྱིས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལྟ་སྐུལ་མཛུབ་ཁྲིད་ལམ་སྲོལ་བཟོ་རྒྱུ་བཅས་ཚུད་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]