ཉིང་ཁྲིས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་ཀར་མཐོང་ཆེན་ཤུགས་ཆེ་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིང་ཁྲི་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་།  སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་ཀར་མཐོང་ཆེན་བྱས་ཏེ།  སློབ་ཆེན་སློབ་ཐོན་སློབ་མ་སྲིད་གཞུང་དང་ཁྲོམ་རར་བརྟེན་ནས་ལས་ཞུགས་བྱེད་པའི་གནད་དོན་ཐག་གཅོད་ཡང་དག་བྱེད་རྒྱུ་དེ་གཞི་རྩའི་བྱ་ཐབས་ལ་རྩིས་ཐོག  ལས་ཞུགས་ལས་གཏོད་ཀྱི་ཞབས་ཞུའི་དྲ་བ་འཛུགས་པ་སོགས་བྱས་ནས།  གྲོང་ཁྱེར་དེའི་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་ཡོད། 
ཉིང་ཁྲི་གྲོང་ཁྱེར་གྱིས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཞབས་ཞུའི་དྲ་བ་བདེ་བླག་ངང་གཉེར་ནས་མཉམ་སྦྲེལ་དྲ་རྒྱ་དང་སྲིད་དོན་ཞབས་ཞུའི་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད།  སློབ་ཆེན་སློབ་ཐོན་སློབ་མས་ཡིག་ཚགས་འཚོལ་བཤེར་དང་མ་དངུལ་རེ་ཞུ།  སྲིད་ཇུས་མཛུབ་ཁྲིད།  ཐོན་ཁུངས་མཉམ་སྤྱོད།  ལས་ཀ་འཚོལ་བ་སོགས་ཀྱི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་དང་།  ད་བར་སློབ་ཆེན་སློབ་ཐོན་སློབ་མ ༣༢༥༡ གིས་ལས་ཞུགས་ལས་གཏོད་ཀྱི་ཞབས་ཞུའི་དྲ་རྒྱ་དེ་བརྒྱུད།  ཡིག་ཚགས་འཚོལ་བཤེར་དང་ཁ་གསབ་རེ་ཞུ།  ལས་ཞུགས་ལས་གཏོད་སོགས་ཀྱི་ཆ་འཕྲིན་མཉམ་སྤྱོད་ཐུབ་ཡོད། 
ཉིང་ཁྲིས་རོགས་སྐྱོར་འགན་འཁུར་བ་དང་སློབ་ཆེན་སློབ་ཐོན་སློབ་མར་རོགས་སྐྱོར་གྱི་བརྒྱུད་རིམ་དང་སྲིད་ཇུས་མཛུབ་ཁྲིད།  ལས་གནས་སྦྲེལ་མཐུད་བཅས་ཀྱི་ཞབས་ཞུ་སྒྲུབ་ནས་ལས་ཀ་འཚོལ་མཁན་བཞིན་པའི་སློབ་ཆེན་སློབ་ཐོན་སློབ་མར་ལས་ཞུགས་ཀྱི་མཐུན་རྐྱེན་གང་ལེགས་སྦྱར་ཡོད་པ་དང་།  ད་བར་ཉིང་ཁྲི་གྲོང་ཁྱེར་གྱིས་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་ཁོངས་སུ་མ་ཚུད་ཅིང་ལོ་དེ་རང་ལ་སློབ་ཆེན་ཐོན་པ་དང་ལོ་གོང་མར་སློབ་ཆེན་ཐོན་པའི་ལས་ཞུགས་ཐུབ་མེད་པའི་སློབ་མ ༡༧༧༤ ལ་ལས་ཞུགས་ལས་གཏོད་ཀྱི་ལས་དོན་སྤེལ་ཡོད།
ཉིང་ཁྲིས་ད་དུང་ཐེམ་ཁུངས་ཉིང་ཁྲི་ནས་ཡིན་པའི་སློབ་ཆེན་སློབ་ཐོན་སློབ་མའི་ལས་གཏོད་ཀྱི་སྔོན་ཐོན་བྱས་རྗེས་བཀོད་པའི་ཆེད་སྒྲིག་དུས་དེབ་ལོ་རེར་ཐེངས་གཉིས་རེ་འདོན་གྱི་ཡོད་པ་དང་།  ཆེད་སྒྲིག་དུས་དེབ་ནང་ཉིང་ཁྲིའི་ལས་གཏོད་དཔེ་མཚོན་མི་སྣའི་ལས་གཏོད་ཀྱི་བྱས་རྗེས་ངོ་སྤྲོད་དང་།  པར་རིས་སྦྲགས་མའི་ཐོག་ནས་རང་ལྗོངས་ཀྱི་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་གསར་ཤོས་ལ་གསལ་འགྲེལ་བྱས་ཏེ།  སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལ་ཕན་པའི་ཁོར་ཡུག་ཟབ་མོ་རྒྱུན་མཐུད་གཏོད་དེ།  ལས་ཞུགས་ཐུབ་མེད་པའི་སློབ་ཆེན་སློབ་ཐོན་སློབ་མ་གསར་གཏོད་ལས་གཏོད་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱེད་ཀྱི་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]