རང་ལྗོངས་སུ་རྣམ་པ་མི་འདྲ་བའི་འདམ་ར་སྲུང་སྐྱོང་མ་ལག་རགས་ཙམ་ཆགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་རིང་རང་ལྗོངས་ཀྱིས་འདམ་རའི་སྲུང་སྐྱོང་མ་ལག་སྐྲུན་རྒྱུར་སྐུལ་འདེད་ཟམ་མི་ཆད་པ་བཏང་བས།  དེང་སྐབས་རང་བྱུང་སྲུང་སྐྱོང་ཁུལ་གཙོ་བོར་བྱས་པའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་དང་རྒྱལ་སྤྱིའི་འདམ་ར་གཙོ་བོ།  རྒྱལ་ཁབ་ཀྱི་འདམ་ར་གཙོ་བོ་སོགས་ལ་རྣམ་པ་མི་འདྲ་བའི་འདམ་ར་སྲུང་སྐྱོང་མ་ལག་རགས་ཙམ་ཆགས་ཡོད། 
བོད་ཀྱི་འདམ་ར་ནི་མཚོ་བོད་ས་མཐོའི་སྐྱེ་དངོས་གཞི་རྒྱུའི་མཛོད་ལྟ་བུ་དང་གསོ་རླུང་གསབ་ཁུངས་གཙོ་བོ་ཡིན་པ་མ་ཟད།  ཆུ་མགོའི་ཆུ་རྒྱུན་གྱི་སྐྱེ་ཁམས་མ་ལག་གི་དོ་སྙོམས་ཡོ་ཆས་དང་ལེགས་སྒྲིག་ཡོ་ཆས་ལྟ་བུ་གལ་ཆེན་ཞིག་ཀྱང་ཡིན།  རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུའི་ཐད་འགག་རྩའི་ནུས་པ་ཐོན་གྱི་ཡོད།

བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་གྲངས་གཞི་ལས་མངོན་གསལ།  ད་ཆ་བོད་ལྗོངས་སུ་རིགས་ཁག་གི་འདམ་ར་སྤྱི་ཆིང་ཁྲི ༦༥༠ ལྷག་ཙམ་ཡོད་པས་རང་རྒྱལ་གྱི་ཞིང་ཆེན་དང་།  རང་སྐྱོང་ལྗོངས།  གྲོང་ཁྱེར་བཅས་ཀྱི་ཨང་རིམ་ཁྲོད་ཨང་གཉིས་པར་སླེབས་ཀྱི་ཡོད།  མ་ཕམ་གཡུ་མཚོ་དང་།  སྨི་ཏི་ཁ།  སེར་གླིང་མཚོ་བཅས་འདམ་ར་གསུམ་རྒྱལ་སྤྱིའི་གཙོ་གནད་འདམ་རའི་མིང་གཞུང་ནང་བཅུག་པ་དང་འདམ་ར ༡༣ རྒྱལ་ཁབ་ཀྱི་གཙོ་གནད་འདམ་རའི་མིང་གཞུང་ནང་བཅུག་ཡོད།  ར་འོག་མཚོ་སོགས་ཀྱི་འདམ་ར ༡༥ རང་བྱུང་སྲུང་སྐྱོང་ཁུལ་དུ་བསྐྲུན་པ་དང་།  མདོ་ཆེན་མཚོ་སོགས་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་༼ ཚོད་ལྟའི་ཁུལ་ཚུད་པ ༽ ༢༢ བསྐྲུན་ཡོད།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]