བསྟན་ཁོས་ལྷོ་ཁར་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་ཐད་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་ཁོས་ལྷོ་ཁ་གྲོང་ཁྱེར་གྱི་སྣ་དཀར་རྩེ་རྫོང་དང་ལྷོ་བྲག་རྫོང་དུ་ཕེབས་ཏེ།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་ཐད་བརྟག་ཞིབ་དང་།  མཐའ་མཚམས་ཀྱི་ཤང་གྲོང་དང་ཆོས་ལུགས་བྱེད་སྒོ་སྤེལ་སར་གཟབ་སྐྱོད་གནང་སྟེ།  ལས་བྱེད་མང་ཚོགས་དང་དགོན་སྡེའི་དགེ་འདུན་པ་དང་བཞུགས་མོལ་གནང་བ་མ་ཟད།  དགོན་སྡེ་དོ་དམ་གྱི་ལས་དོན་དང་ཚད་གཞི་བཞི་སྲུང་ནས་སྔོན་ཐོན་གྲྭ་བཙུན་བྱེད་ཅེས་པའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུལ་ཐད་ཞིབ་བཤེར་དང་མཛུབ་ཁྲིད་ཀྱང་གནང་བ་རེད།

བསྟན་ཁོ་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ཆོས་ལུགས་ལས་བྱེད་པས་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ།  ཚད་གཞི་བཞི་སྲུང་ནས་སྔོན་ཐོན་གྲྭ་བཙུན་ཞིག་བྱེད་ཅེས་པའི་སློབ་གསོ་ལག་ལེན་བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་སྤེལ་དགོས་པ་དང་།  རིམ་ཁག་ལས་བྱེད་པ་དང་དགོན་སྡེའི་གྲྭ་བཙུན་ནས་སྲིད་ཇུས་སློབ་སྦྱོང་ནན་ཏན་བྱེད་པ་དང་སྲིད་ཇུས་ལ་གཞིགས་ནས་བྱ་བ་སྒྲུབ་སྟེ།  སྲིད་ཇུས་ཀྱི་སྒམ་ནན་རང་བཞིན་དང་དབང་གྲགས་རང་བཞིན་འགན་སྲུང་བྱེད་དགོས་པ།  རང་སྐྱོང་ལྗོངས་ཀྱི་འཕར་སྣོན་མི་བྱེད་པ་གསུམ་གྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས།  ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་འདེང་ངེས་དང་སྤྱོད་གོ་ཆེ་བ་དང་།  དགོན་སྡེའི་གྲྭ་བཙུན་མང་པོ་མི་དགོས་པར་རྩེ་གྲ་དགོས་པའི་འདུ་ཤེས་འཛུགས་དགོས་པ།  རྒྱ་ཆེའི་གྲྭ་བཙུན་ཚོས་སྤྱི་ཚོགས་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པ་དང་རང་འགུལ་ངང་དབུལ་གྲོལ་འགག་སྒྲོལ་ནང་ཞུགས་ཏེ།  དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་ཀྱི་འཛད་སྤྱོད་ཁུར་པོ་ཡང་དུ་གཏོང་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]