རང་ལྗོངས་ཀྱི་ཚན་པ་ཁག་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ཞེས་པའི་སློབ་གསོ་གཏིང་ཟབ་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན།  རང་ལྗོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་རང་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཇུས་འགོད་ཞིབ་ཚགས་བྱེད་པ།  སྐུལ་སྤེལ་ཏན་ཏིག་གཏོང་བ།  བསམ་བློ་ཆབ་སྲིད་སློབ་གསོ་མངོན་ཆེར་འཛིན་པ།  ཁ་གསལ་གྱི་གནད་དོན་ཁྲིད་ཕྱོགས་མངོན་ཆེར་འཛིན་པ།  བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ།  བཅོས་སྒྲིག་བྱ་ཐབས་ཏན་ཏིག་བཟོ་བ་བཅས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད། 
རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཉེ་ཆར།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་སློབ་སྦྱོང་ཚོགས་འདུ་ཐེངས་བརྒྱད་པ་འཚོགས་པ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་ཨུད་ཏུང་སློབ་སྦྱོང་ཚོགས་འདུར་ཕེབས་ཡོད།  ཚོགས་འདུའི་ཐོག་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བོད་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཀའི་འགན་འཁྲིའི་ངེས་གནས་སྔར་བས་འཚོལ་ཞིབ་ཡང་དག་བྱེད་པ་དང་།  སྒྲིག་ཁྲིམས་ལག་བསྟར་གྱི་འགན་འཁྲི་བདའ་འདེད་གཏོང་བ་དང་།  བརྟག་དཔྱད་ཐག་གཅོད་ལ་ལྟ་སྐུལ་བྱེད་པའི་འགན་འཁྲི་ལག་བསྟར་གནད་འཕིགས་བྱས་ནས་མང་ཚོགས་ཉེ་འཁོར་གྱི་རུལ་སུངས་གནད་དོན་བཅོས་
སྒྲིག་བྱེད་ཤུགས་ཆེ་རུ་བཏང་ཐོག  རྒྱུན་བསྲིངས་ལྷོད་མེད་ངང་སྤྱོད་ཚུལ་དང་སྒྲིག་ལམ་ནན་དུ་གཏོང་བ་དང་རུས་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་ལ་རྒྱལ་ཁ་སྲ་བརྟན་དང་འཕེལ་རྒྱས་དུ་བཏང་སྟེ་བོད་ཀྱི་བསྒྱུར་འཕེལ་བརྟན་གསུམ་ཐད་ཆབ་སྲིད་ཀྱི་འགན་སྲུང་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་ཡོད།
ལྗོངས་སྤྱི་བདེ་ལས་ཁུངས་ཀྱིས་ཉེ་དུས་སྔོན་ཐོན་དཔེ་མཚོན་དང་ཉེ་འཁོར་གྱི་མིག་དཔེར་སློབ་སྦྱོང་བྱེད་ཅེས་པའི་བྱེད་སྒོ་སྤེལ་བ་རེད།  སློབ་སྦྱོང་བྱེད་སྒོ་སྤེལ་རྒྱུ་དེ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གནད་དོན་ལ་ཞིབ་བལྟ་བྱེད་པའི་ནང་དོན་གལ་ཆེན་ཞིག་ལ་རྩིས་ཏེ།  ཕྱོགས་ཡོངས་ནས་བལྟ་བསྡུར་ཞིབ་བཤེར་བྱེད་པ་དང་རང་ངོས་ཀྱི་གནད་དོན་དང་མི་འདང་བའི་ཆར་ཞིབ་བལྟ་དང་བསམ་གཞིགས་ནན་ཏན་བྱས་ཐོག  སློབ་སྦྱོང་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་ཚོད་འཛིན་བྱེད་པ་དང་ལས་གནས་ལ་གཞི་ཚུགས་ཏེ་དུས་རབས་གསར་པའི་བོད་ལྗོངས་སྤྱི་བདེའི་བྱ་གཞག་ནང་སྔོན་ཐོན་གྱི་མིག་དཔེ་ཐོན་པ་བྱེད་རྒྱུ་རེད།
བོད་ལྗོངས་དངུལ་ཁང་གིས་ཉེ་དུས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་བྱས་པ་དང་།  འགྲན་བསྡུར་མཇུག་སྒྲིལ་རྗེས།  འགྲན་ཞུགས་པ་ཚོས་ད་རེས་ཀྱི་གཏམ་བཤད་འགྲན་བསྡུར་ནང་ཞུགས་པ་བརྒྱུད་བོད་ལྗོངས་དངུལ་ཁང་གི་མོས་སེམས་དང་འགན་སེམས་སྔར་བས་ཟབ་ཏུ་ཕྱིན་ཡོད་ལ།  ལས་མི་ཡོངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པ་བྱེད་རྒྱུ་དང་ལས་སེམས་སྔར་བས་ཆེ་བའི་ཐོག་ནས་བོད་ལྗོངས་དངུལ་ཁང་གི་ཕྱོགས་བསྒྱུར་གོང་འཕེལ་གཏོང་བ་དང་འགན་འཁྲི་སྒྲུབ་པའི་བྱ་གཞག་ནང་ལའང་ཞུགས་རྒྱུ་ཡིན་ཞེས་བཤད། 
ཉེ་ཆར།  བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་དམག་དཔོན་ཀྲང་གོ་ཧྭ་ཡི་བུ་ཀྲང་ཞའོ་ཅུན་གདན་ཞུ་བྱས་ཏེ་བརྗོད་དོན་གཙོ་བོའི་ཏང་གི་སློབ་ཚན་འཁྲིད་པ་དང་འབྲེལ།  བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་རྒྱ་ཆེའི་ཏང་ཡོན་ཚོས།  རྒན་རབས་པ་ཚོའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་མུ་མཐུད་རྒྱུན་འཛིན་བྱས་ཏེ་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དེ་དུས་རབས་གསར་པར་སྔར་བས་དར་སྤེལ་གཏོང་བ་དང་ཕུགས་བསམ་དད་སེམས་སྔར་བས་བརྟན་དུ་གཏོང་བ།  འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ།  རང་རྟོགས་ངང་འགན་འཁྲི་དང་ལས་འགན་ཁུར་བ།  བཟང་ནུས་བརྒྱུད་སྤེལ་བྱེད་པ་བཅས་བྱས་ནས་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་རླུང་འཕྲིན་བརྙན་འཕྲིན་གྱི་ལེགས་སྐྱེས་གང་ཡོད་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད། 
སྣང་རྫོང་གི་ཚན་པ་ཁག་གིས་ཉེ་ཆར།  ཐོག་མའི་བསམ་འདུན་མི་བརྗེད་པར་ཏང་གི་སྒྲིག་ཁྲིམས་དང་ཁྲིམས་སྲོལ་ནན་པོ་སྲུང་བ་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས།  སྲུང་སྐྱོང་གཉིས་ལག་ལེན་བསྟར་ཞེས་པའི་དྲིལ་བསྒྲགས་སློབ་གསོའི་བརྗོད་དོན་གཙོ་བོ་དང་ཟུང་འབྲེལ་གྱིས་གཅིག་བསྡུས་ཐོག་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།   རགས་རྩིས་བྱས་པར་གཞིགས་ན།  ཉིན་དེར་སྲིད་གཙང་ཐད་ཀྱི་དྲིལ་བསྒྲགས་དཔྱད་གཞི ༣༠༠༠ ལྷག་བཀྲམ་པ་དང་མི་སྟོང་ཁ་ལོན་པ་ཞིག་སྲིད་གཙང་ཉེན་བརྡའི་སློབ་གསོ་དང་སྲིད་གཙང་རིག་གནས་སློབ་གསོའི་ནང་ཞུགས་ཡོད། །

  ༼  རྩོམ་སྒྲིག་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]