ལྷུན་གྲུབ་རྫོང་མཚོ་སྟོད་གྲོང་ཚོའི་སྤོ་བསྒྱུར་ལས་ཞུཌ་ལས་དོན་སྐས་རིམ་གསར་པར་སླེབས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཁྱེར་མི་སྤྱི་ཅུད་ཀྱི་དུས་ཁག་བརྒྱད་པའི་ལས་དོན་རུ་ཁག་གིས་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་མཚོ་སྟོད་གྲོང་ཚོར་བཅའ་སྡོད་བྱས་ཚུན།  ཞིང་འབྲོག་པའི་སྤོ་བསྒྱུར་ལས་ཞུགས་ལས་ཀར་མཐོང་ཆེན་བྱས་ཏེ་རང་ངོས་ཀྱི་འགན་ནུས་ལེགས་ཆ་འདོན་སྤེལ་གང་ལེགས་དང་ཐབས་མང་མཉམ་བཟུང་ཐོག་ནས་ཞིང་འབྲོག་པའི་སྤོ་བསྒྱུར་ལས་ཞུགས་ལ་སྐུལ་འདེད་ཤུགས་ཆེ་བཏང་བས།  གྲོང་ཚོ་དེ་ཡོངས་ཀྱི་སྤོ་བསྒྱུར་ལས་ཞུགས་ལས་དོན་སྐས་རིམ་གསར་པའི་ཐོག་སླེབས་ཐུབ་པ་བྱུང་ཡོད།

གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་དེ་ཡོངས་ཀྱི་ཞིང་འབྲོག་པ་དུད་ཚང་ ༤༢༡ ལ་འཚམ་འདྲིར་བསྐྱོད་དེ།  ལས་ཞུགས་དྲིལ་བསྒྲགས་དཔྱད་གཞི་དང་ངལ་རྩོལ་གན་རྒྱའི་བཅའ་ཁྲིམས་སོགས་ཁྲིམས་ལུགས་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་དཔྱད་གཞི ༡༠༠༠ ལྷག་ཙམ་སྤྲད་པ་དང་།  ལས་མི་བསྡུ་བའི་ཆ་འཕྲིན ༢༠༠ ལྷག་ཡོངས་བསྒྲགས་བྱས་ཡོད་པ་མ་ཟད།  མི་རྒྱུན་ཐོན་ཁུངས་ཁྲོམ་རའི་ངལ་ནུས་སྤོ་བསྒྱུར་ལས་ཞུགས་ཞབས་ཞུའི་བར་མཚམས་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།  ཞིང་འབྲོག་མང་ཚོགས་ལ་ལས་གནས་མཁོ་འདོན་ངང་དུད་ཚང་ ༢༠ ཡི་མི ༣༢ ལས་ཞུགས་ཐུབ་པ་བྱས་ཡོད།

ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་དང་ལས་ཞུགས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་ཆེད་དང་།  ལས་ཞུགས་བྱེད་ཕྱོགས་དེ་ཤུགས་ལས་ནས་རྩལ་ནུས་ཀྱི་རྣམ་པར་ཕྱོགས་བསྒྱུར་ཡོང་བ་བྱ་ཆེད།  ལས་དོན་རུ་ཁག་གིས་ལས་གཏོད་སྦྱོང་བརྡར་དང་རྩལ་ནུས་མཐོར་གཏོང་གི་སྦྱོང་བརྡར་སྤྲད་པ་རེད།  ད་བར་བོད་ཟས་མ་བྱན་སྦྱོང་བརྡར་འཛིན་གྲྭ་ཐེངས་གཅིག་གཉེར་བ་བརྒྱུད་སྦྱོང་བརྡར་ནང་ཞུགས་མཁན་མང་ཚོགས ༢༩ ལས་ཞུགས་དང་ལས་གཏོད་ཐུབ་པ་བྱུང་ཡོད་ལ།   དེ་དང་ཆབས་ཅིག་མ་བྱན་སྦྱོང་བརྡར་ནང་ཞུགས་འདོད་ཡོད་མཁན་མང་ཚོགས ༢༠ དང་ཁ་ལོ་བའི་ལག་ཁྱེར་རིམ་སྤོར་བྱེད་འདོད་ཡོད་མཁན་མང་ཚོགས ༤༨ ལ་འབྲེལ་ཡོད་སྦྱོང་བརྡར་ཡང་སྤྲད་པ་རེད།

གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ད་དུང་ཕྱུག་འགྱུར་སྣེ་ཁྲིད་པ་གསོ་སྐྱོང་བྱས་ནས།  མི་དེ་བས་མང་བ་ལས་ཞུགས་བརྒྱུད་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད་པ་སྟེ།  གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཕྱུག་འགྱུར་སྣེ་ཁྲིད་པ་གཉིས་དང་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་གི་ཁོངས་མི་ཆུ་ཤུར་རྫོང་དུ་དེང་རབས་ཞིང་ལས་གོང་འཕེལ་རྟེན་གཞི་དང་བཞོན་མ་གསོ་ཚགས་མཉམ་ལས་ཁང་སོགས་སུ་བལྟ་སྐོར་ལ་ཁྲིད་ནས།  སྔོན་ཐོན་གྱི་གོང་འཕེལ་འདུ་ཤེས་དང་ཉམས་མྱོང་ལ་བརྟག་ཞིབ།  བཞུགས་མོལ་དང་སྤེལ་རེས་སོགས་ཀྱི་རྣམ་པའི་ཐོག་ནས་སློབ་སྦྱོང་བྱས་པ་བརྒྱུད།  གོང་འཕེལ་གྱི་བསམ་ཕྱོགས་རྒྱ་ཆེར་ཕྱིན་པ་མ་ཟད་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཐུབ་རྒྱུར་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད།  ད་བར་ངལ་ནུས་ཕྱིར་གཏོང་གི་རྣམ་པའི་ཐོག་ནས་ཕྱུག་འགྱུར་སྣེ་ཁྲིད་པས།  ཞིང་འབྲོག་མང་ཚོགས ༤༠ ལྷ་སར་ཞོར་ལས་ལ་ཁྲིད་པ་དང་མང་ཚོགས ༥༠ ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད།།

  ༼  རྩོམ་སྒྲིག་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]