དབུལ་གྲོལ་འགག་སྒྲོལ་གྱི་མངོན་གསལ་དོད་པའི་གནད་དོན་ལ་དམིཌ་ནས་དེང་སྐབས་དང་ཕུཌ་ལ་ཕན་པའི་ཐོན་ལས་དབུལ་སྐྱོར་བྱེད་དགོས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དབུལ་གྲོལ་འགག་སྒྲོལ་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་དེང་སྐབས་དང་ཕུགས་ལ་ཕན་པའི་ཐོན་ལས་དབུལ་སྐྱོར་བྱེད་དགོས་ཞེས་པའི་ཤིན་ཧྭ་གསར་འགྱུར་ཁང་གི་དུས་དོན་དཔྱད་གླེང་ཞིག་བཀོད་ཡོད།
དཔྱད་གླེང་ནང་ཐོན་ལས་དབུལ་སྐྱོར་ནི་དབུལ་གྲོལ་བརྟན་པོ་ཡོང་བ་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་རེད།  དབུལ་གྲོལ་འགག་སྒྲོལ་ལས་དོན་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་འགག་རྩའི་དུས་སུ་སླེབས་པ་དང་བསྟུན་ནས།  གཙོ་གནད་ཐོག་ཐོན་ལས་དབུལ་སྐྱོར་ཐད་ཐོབ་པའི་གྲུབ་འབྲས་བརྟན་དུ་བཏང་སྟེ།  དབུལ་སྐྱོར་ཐོན་ལས་སྤུས་ལེགས་འཕེལ་རྒྱས་ཡོང་བ་བྱས་ནས།  གཞི་ཁྱོན་ཅན་གྱི་ཕན་འབྲས་ཐོན་པ་དང་དབུལ་གྲོལ་གྱི་ཕུགས་ཕན་ལམ་སྲོལ་ཆགས་པ་བྱེད་དགོས་ཞེས་འཁོད་ཡོད།

དཔྱད་གླེང་ནང་དབུལ་སྐྱོར་བྱེད་པར་སྔོན་ལ་བློ་སྐྱོར་བྱེད་དགོས།  དབུལ་སྐྱོར་ཐོན་ལས་ནང་ཞུགས་མཁན་དབུལ་ཕོངས་མང་ཚོགས་རྣམས་དངོས་པོའི་ཐོག་ནས་དབུལ་གྲོལ་ཐུབ་པ་བྱེད་དགོས་ལ་བསམ་བློའི་ཐོག་ནས་ཀྱང་དབུལ་སྐྱོར་ཐུབ་པ་བྱེད་དགོས།  ལྷག་པར་དུ་ཁོང་ཚོས་བདེ་སྐྱིད་ནི་འབད་བརྩོན་བྱས་པ་བརྒྱུད་བྱུང་བ་ཞིག་ཡིན་པའི་དོན་སྙིང་ཟབ་མོར་གོ་བ་ལོན་རྒྱུར་ཁྲིད་སྟོན་བྱེད་དགོས།  དུད་ཚང་ཁག་དབྱེ་བྱས་ནས་བྱ་ཐབས་གནད་འཕིགས་བཟུང་བ་དང་།  རྣམ་གྲངས་བཀོད་སྒྲིག་གནད་འཕིགས་ཡོང་བ་བྱེད་རྒྱུ་ནི་དབུལ་སྐྱོར་གནད་འཕིགས་བྱེད་པའི་གཞི་རྩའི་བླང་བྱ་ཞིག་རེད།  ཕུགས་ནས་བལྟས་ན།  ཐོན་ལས་དབུལ་སྐྱོར་བརྒྱུད་དབུལ་གྲོལ་ཕྱུག་འགྱུར་ཐུབ་པ་བྱེད་རྒྱུར་ཁྲོམ་རའི་དགོས་མཁོར་བརྟེན་ནས་ཁྱད་ལྡན་ཞིང་ལས་དང་ཐོན་ལས།  དཔལ་འབྱོར་བཅས་ཀྱི་གོང་འཕེལ་ཐབས་ལམ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་དགོས་པ་ཞིག་རེད།  རོགས་སྐྱོར་བྱེད་དགོས་པའི་དབུལ་ཕོངས་མང་ཚོགས་ངོས་ནས་བཤད་ན།  ཁོང་ཚོ་རིགས་ཁག་གི་དབུལ་སྐྱོར་ཐོན་ལས་ནང་ཞུགས་ཐུབ་པ་བྱས་ཏེ་དངོས་པོའི་ཐོག་གི་ཁེ་སྤོགས་ཡོང་རྒྱུར་རོགས་རམ་བྱེད་དགོས་ལ།  དུས་ཡུན་རིང་པོའི་ནང་དབུལ་སྐྱོར་ཐོན་ལས་གོང་འཕེལ་ནང་ཞུགས་རྒྱུའི་རེ་འདོད་དང་ལས་སེམས།  རྩལ་ནུས་བཅས་ཆེ་རུ་གཏོང་རྒྱུར་ཡང་རོགས་རམ་བྱེད་དགོས།  དེ་བཞིན་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་འགག་རྩའི་དུས་མཚམས་སུ་སླེབས་པ་དང་བསྟུན་ནས་བློ་སྐྱོར་བྱེད་རྒྱུ་དེ་སྔར་བས་གལ་འགངས་ཆེ་བ་ཡོད་ཅེས་འཁོད་ཡོད།
དཔྱད་གླེང་ནང་དམིགས་ཚད་དེ་བསྒྲུབ་ཆེད་ཁྲལ་འཁྱོལ་ཐབས་ཙམ་བྱེད་པའི་བསམ་བློ་མཐའ་གཅིག་ཏུ་དོར་ཏེ།  ཐོན་ལས་གཅིག་ལ་བརྟེན་ནས་ཁུལ་གཅིག་གི་མང་ཚོགས་ལ་སྐུལ་ཁྲིད་བྱེད་པ་དང་ཐོན་ལས་གཅིག་ལ་བརྟེན་ནས་ས་གནས་གཅིག་འཕེལ་རྒྱས་གཏོང་བ།  ཐོན་ལས་རེར་ལེགས་ཆ་རེ་ཡོད་པ་བྱ་རྒྱུར་བཅས་ལ་གཞི་ཚུགས་ཏེ་དབུལ་སྐྱོར་ཐོན་ལས་ཡག་པོ་གཉེར་དགོས་པ་དང་།  རིམ་ཁག་ལས་བྱེད་པས་གནད་འཕིགས་བྱ་ཐབས་རྒྱུན་འཁྱོངས་ངང་གོང་འཕེལ་གྱི་སྐུལ་ཁྲིད་ནུས་པ་ཆེ་བའི་དབུལ་སྐྱོར་ཐོན་ལས་དེ་དབུལ་གྲོལ་འགག་སྒྲོལ་གྱི་གཙོ་གནད་ཐོག་བཟུང་སྟེ།  དབུལ་ཕོངས་མང་ཚོགས་ཚོས་བདེ་སྐྱིད་ཀྱི་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུའི་སྒུལ་ཤུགས་འཕེལ་བ་བྱས་ཐོག  རང་ངོས་གོང་འཕེལ་གྱི་ནུས་པ་ཆེ་རུ་བཏང་ནས་དབུལ་ཕོངས་མང་ཚོགས་དབུལ་གྲོལ་ངོ་མ་ཐུབ་པ་དང་དབུལ་ལོག་མི་ཐེབས་པ་བྱེད་དགོས་ཞེས་འཁོད་ཡོད་པ་རེད།།

  ༼  རྩོམ་སྒྲིག་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]