རང་ལྗོངས་སུ་ད་བར་གྲབས་གསོག་བྱས་པའི་གེཌ་སྐྱོབ་དངོས་ཟོག་གིས་མི་གྲངས་ཁྲི༥༠ཙམ་གྱི་བབ་བསྟུན་དགོས་མཁོ་སྐོང་ཐུབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-19

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུད་ནས་ཤེས་རྟོགས་བྱུང་གསལ།  ཕྱོགས་གསུམ་པའི་རྒྱུ་ནོར་རྩིས་བཤེར་གྱི་སྙན་ཞུར་གཞིགས་ན།  སྤྱི་ལོ ༢༠༡༩ ལོའི་ཟླ ༣ པའི་ཚེས ༣༡ ཉིན་བར།  རང་ལྗོངས་ཀྱིས་ཀྲུང་དབྱང་གི་གེབས་སྐྱོབ་དངོས་ཟོག་སྟེ་ཁྱོན་རིན་ཐང་སྒོར་ཁྲི་ཚོ ༡༤༠༠ ལྷག་རི་བའི་གུར་སོགས་སྣེ་ཁ ༨ ཀྱི་བསྡོམས་འབོར ༤༣༠༠༠ ལྷག་ཚབ་གསོག་བྱས་པ་དང་།  རང་སྐྱོང་ལྗོངས་རིམ་པའི་གེགས་སྐྱོབ་དངོས་ཟོག་སྟེ་རིན་ཐང་སྒོར་དུང་ཕྱུར ༡.༡ རི་བའི་གུར་སོགས་སྣེ་ཁ ༥༨ ཀྱི་བསྡོམས་འབོར་ཁྲི་ཚོ ༧༠ ལྷག་གྲབས་གསོག་གི་འགན་འཁུར་ཡོད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན།  གྲོང་ཁྱེར༼ ས་ཁུལ ༽དང་རྫོང་༼ ཆུས ༽ཁག་གིས་རང་སྐྱོང་ལྗོངས་ཀྱི་གེགས་སྐྱོབ་དངོས་ཟོག་སྟེ་རིན་ཐང་སྒོར་དུང་ཕྱུར ༣ ཙམ་རི་བའི་བསྡོམས་འབོར་ཁྲི་ཚོ ༡༦༣ ལྷག་ཚབ་གསོག་བྱས་པ་དང་།  གུར་ཀྱི་བེད་སྤྱོད་ཚད་གཞིར་གཞིགས་ན།  རང་ལྗོངས་ཀྱིས་ད་ལྟ་གྲབས་གསོག་བྱས་པའི་གེགས་སྐྱོབ་དངོས་ཟོག་རིགས་འདྲ་མིན་གྱིས་མི་གྲངས་ཁྲི་ཚོ ༥༠ ཙམ་གྱི་བབ་བསྟུན་དགོས་མཁོ་སྐོང་ཐུབ་ཀྱི་ཡོད།

ད་བར།  རང་ལྗོངས་ཀྱི་གེགས་སྐྱོབ་དངོས་པོའི་གྲབས་གསོག་མཛོད་གྲོང་ཁྱེར༼ ས་ཁུལ ༽༧ དང་རྫོང་༼ ཆུས ༽༧༠ ལ་ཁྱབ་ནས།  ཀྲུང་དབྱང་གི་གེགས་སྐྱོབ་དངོས་པོའི་གྲབས་གསོག་མཛོད་ཀྱིས་གཙོ་བོ་བྱེད་པ་དང་།  རང་སྐྱོང་ལྗོངས་རིམ་པའི་གེགས་སྐྱོབ་དངོས་ཟོག་གྲབས་གསོག་མཛོད་ཀྱིས་ལྟེ་བ་བྱེད་པ།  གྲོང་ཁྱེར༼ ས་ཁུལ ༽དང་རྫོང་༼ ཆུས ༽རིམ་པའི་གེགས་སྐྱོབ་དངོས་ཟོག་གྲབས་གསོག་མཛོད་ཀྱིས་འདེགས་སྐྱོར་བྱེད་པ།  ཤང་དང་གྲོང་ཚོའི་གྲབས་གསོག་བྱེད་གནས་ཀྱིས་ཁ་གསབ་བཅས་བྱེད་པའི་གྲབས་གསོག་མ་ལག་ཞིག་རགས་ཙམ་གྲུབ་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]