རང་ལྗོངས་ཀྱིས་རྒྱལ་ནང་དུ་ལོག་པའི་བོད་རིགས་སྤུན་ཟླའི་ཁྲིམས་མཐུན་ཁེ་དབང་འགན་ལེན་གང་ལེགས་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན།  རང་ལྗོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཚན་པས་ཉེ་བའི་ལོའི་ཚུན་དུ་བོད་དང་འབྲེལ་བའི་ལས་ཀའི་ཐད་ཀྲུང་དབྱང་གིས་བཏོན་པའི་སྤྱིའི་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་།  མི་སེམས་འགུག་རྒྱུ་དེ་ལས་ཀའི་བརྒྱུད་རིམ་ཡོངས་ལ་ཁྱབ་པ་བྱས་ཏེ།  ཚུར་ལོག་གཏན་སྡོད་བོད་རིགས་སྤུན་ཟླའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་རྒྱུ་དེ་ལས་ཀའི་འགོ་འཛུགས་ས་དང་དོན་ལ་བབས་སར་རྩིས་ནས།  རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་བརྟན་དུ་དང་སྟོབས་ཆེར་གཏོང་རྒྱུར་རྨང་གཞི་བརྟན་པོ་བཏིངས་ཡོད།  
དེང་སྐབས་ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཚན་པའི་ཨུ་ཡོན་གྲས་སུ་ཚུར་ལོག་བོད་རིགས་སྤུན་ཟླ ༥༦ ཡོད་པ་དང་།  ཚུར་ལོག་གཏན་སྡོད་བོད་རིགས་སྤུན་ཟླ་དང་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་ནང་མི ༡༢༧ ལྗོངས་ཡོངས་ཀྱི་ཚུར་ལོག་རང་མིའི་ནང་མིའི་འཐུས་མི་ཚོགས་ཆེན་སྐབས་དང་པོའི་འཐུས་མིར་བདམས་པ་མ་ཟད།  ཚུར་ལོག་གཏན་སྡོད་བོད་རིགས་སྤུན་ཟླ་རྗེ་དབོན་ཀུན་རྡོར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལ་འོས་སྦྱོར་བྱས་པ་རེད། 
ཤེས་རྟོགས་བྱས་པར་གཞིགས་ན།  རང་ལྗོངས་ཀྱིས་ལོ་གསུམ་བསྟུད་དེ་ལྗོངས་ཡོངས་ཀྱི་ཚུར་ལོག་བོད་རིགས་སྤུན་ཟླའི་འཐུས་མིར་རྒྱལ་ཁབ་གནས་ཚུལ་གྱི་སློབ་གསོ་བཏང་བ་དང་།  སྔ་རྗེས་སུ་ཚུར་ལོག་གཏན་སྡོད་བོད་རིགས་སྤུན་ཟླ ༢༠༠ ལྷག་ཙམ་མེས་རྒྱལ་ནང་སར་རྟོགས་ཞིབ་སློབ་སྦྱོང་བྱེད་པར་ཁྲིད་སྟེ།  རྒྱ་ཆེའི་ཚུར་ལོག་གཏན་སྡོད་བོད་རིགས་སྤུན་ཟླའི་འདུ་ཤེས་བཞི་ཟབ་ཏུ་དང་གདིང་ཚོད་བཞི་བརྟན་དུ་བཏང་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]