འཇོ་མདའ་རྫོང་གིས་ཤིང་འཛུཌ་ནགས་བཟོའི་ལས་གཞི་ལག་བསྟར་བྱས་པས་དབུལ་ཕོངས་མང་ཚོཌ་འབབ་འཕར་ཡོང་རྒྱུར་སྐུལ་འཁྲིད་ཐུབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་ཚུན་དུ།  འཇོ་མདའ་རྫོང་གིས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འབྱུང་འཕྲོད་གོང་འཕེལ་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ།  ནགས་སྦོལ་ཞིང་ཁ་ནགས་སུ་བསྒྱུར་བ་དང་ཤིང་འཛུགས་ནགས་བཟོའི་ལས་གཞི་ལག་བསྟར་བྱས་པས།  རྫོང་དེ་ཡོངས་ཀྱི་ནགས་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་ཚོ ༤༦ ཟིན་པ་དང་ནགས་ཚལ་ཁྱབ་ཚད་བརྒྱ་ཆ ༣༠.༦༢ ཟིན་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  འཇོ་མདའ་རྫོང་གིས་མ་དངུལ་སྒོར་ཁྲི་ཚོ ༤༧༩ བཏང་ནས་རྫོང་དེ་ཡོངས་ཀྱི་ཤང་༼ གྲོང་རྡལ ༽བཞི་ལ་མུའུ ༡༣༢ ཟིན་པའི་མཉམ་སྡེབ་སྡོང་ཕྲུག་ར་བ་དང་སྡོང་ཕྲུག་དྲོད་ཁང་གསུམ་སྐྲུན་ནས་སྡོང་ཕྲུག་ཁྲི་ཚོ ༤༠ བཙུགས་ཡོད།  འཇོ་མདའ་རྫོང་གིས་ལག་རྩལ་མི་སྣ་གདན་ཞུས་བྱས་ནས་དུས་གཏན་འཁེལ་ངང་ལག་རྩལ་མཛུབ་ཁྲིད་དང་སྦྱོང་བརྡར་སྤྲས་པ་མ་ཟད།  མཉམ་སྡེབ་སྡོང་ཕྲུག་ར་བ་ནས་སྡོང་ཕྲུག་ཉོས་ཏེ་རྫོང་དེ་ཡོངས་ཀྱི་ཤིང་འཛུགས་ནགས་བཟོའི་ལས་གཞི་ལག་བསྟར་བྱས་ཡོད།  ད་བར་སྡོང་ཕྲུག་ཁྲི་ཚོ ༢༣ ཉོས་པ་དེས་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་ ༡༦༢ ཀྱི་མི ༨༡༡ ལ་འབབ་འཕར་སྒོར་ཁྲི་ཚོ ༦༩ ཡོང་རྒྱུར་སྐུལ་འཁྲིད་ཐུབ་ཡོད།  འཇོ་མདའ་རྫོང་གིས་གཙོ་གནད་ཁུལ་གྱི་སྤྱི་ཕན་ནགས་ཚལ་དང་འགོག་སྲུང་ནགས་ཚལ་མ་ལག་སྐྲུན་ནས།  ངལ་རྩོལ་གླ་ཆ་སྒོར་ཁྲི་ཚོ ༢༥༧༧ ལྷག་ཙམ་སྤྲད་པས་དབུལ་ཕོངས་དུད་ཚང་ ༩༥༦ གི་མི ༤༠༠༠ ལྷག་ཙམ་ལ་འབབ་འཕར་བྱུང་ཡོད།  ཟི་ཁྲོན་ནུབ་རྒྱུད་ཀྱི་གསོམ་ཤིང་སྡོང་ཕྲུག་དང་ཀུ་ཤུའི་སྡོང་པོ་སོགས་བཙུགས་ནས་ངལ་རྩོལ་གླ་ཆ་སྒོར་ཁྲི་ཚོ ༥༣༠ ལྷག་ཙམ་སྤྲད་པས་དབུལ་ཕོངས་མང་ཚོགས ༩༨༢ ལ་འབབ་འཕར་ཡོང་རྒྱུར་སྐུལ་འཁྲིད་ཐུབ་ཡོད།

གཞན་ཡང་།  རྫོང་དེ་ཡོངས་ཀྱིས་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་གི་ངལ་ནུས་ཚུད་པའི་མི ༢༢༠༠༠ ལ་སྐྱེས་ཁམས་སྐྱོང་གསབ་ལས་གནས་སྤྲད་པར་ལོ་གསུམ་རིང་གླ་ཆ་སྒོར་དུང་ཕྱུར ༡.༣ སྤྲད་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]