ལྷ་ས་གྲོང་ཁྱེར་གྱིས་བོཌ་གཏོང་རླངས་འཁོར་ལས་རིཌ་ཀྱི་ཟང་ཟིང་སྣང་ཚུལ་ལ་ཆེད་དོན་བཅོས་སྒྲིག་བྱས་པའི་ཕན་འབྲས་བཟང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོའི་སྤྱི་ཟླ ༧ པའི་ཚེས ༡༡ ནས ༣༡ ཉིན་བར།  ལྷ་ས་གྲོང་ཁྱེར་གྱིས་བོགས་གཏོང་རླངས་འཁོར་ལས་རིགས་ཀྱི་ཟང་ཟིང་སྣང་ཚུལ་ལ་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ཏེ།  བོགས་གཏོང་རླངས་འཁོར་ལས་རིགས་ཀྱི་ཟང་ཟིང་སྣང་ཚུལ་བཅོས་སྒྲིག་བྱེད་པའི་ལས་དོན་སྤེལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས།  བོགས་གཏོང་རླངས་འཁོར་ལས་རིགས་ཀྱི་སྤྱི་ཡོངས་ཞབས་ཞུའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་མང་ཚོགས་ཀྱི་འགྲུལ་བཞུད་ཁོར་ཡུག་ལེགས་སུ་ཕྱིན་ནས།  བོགས་གཏོང་རླངས་འཁོར་གྱི་ཟླ་རེའི་ཞུ་གཏུགས་བྱེད་ཚད་བརྒྱ་ཆ་བདུན་ཡས་མས་ཉུང་དུ་ཕྱིན་ཡོད།

ཉེ་བའི་ལོའི་རིང་།  ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པས་ལུགས་མཐུན་ངང་འགྲུལ་པ་སྡེབ་རྫོངས་རྒྱག་པའི་བརྒྱུད་རིམ་བཟོས་ཏེ།  ཚད་དང་མི་མཐུན་པའི་ངང་འགྲུལ་པ་སྡེབ་རྫོངས་བརྒྱབ་པ་ལས་ཐོན་པའི་འགལ་ཟླ་སྣ་ཚོགས་སྔོན་འགོག་གང་ཐུབ་བྱས་པ་དང་།  བྱ་དགའ་ཆད་གཅོད་ཀྱི་དོ་དམ་བྱ་ཐབས་འཚོལ་ཞིབ་བྱས་ནས་བོགས་གཏོང་རླངས་འཁོར་གྱི་ཁ་ལོ་བའི་མཉམ་སྡེབ་ཀྱི་གཟི་བརྗིད་བསམ་པ་ཆེ་རུ་བཏང་སྟེ།  རང་རྟོགས་ངང་ཞབས་ཞུའི་འདུ་ཤེས་དང་ཆུ་ཚད་མཐོ་རུ་བཏང་བ།  བོགས་གཏོང་རླངས་འཁོར་གཉེར་སྐྱོང་ཚད་ལྡན་གྱི་ཟུར་འཐེན་ཞིབ་བཤེར་བྱས་ནས་འབབ་ཐང་དང་མེ་འཁོར་འབབ་ཚུགས།  དམངས་སྤྱོད་མཁའ་འགྲུལ་ཅུད་སོགས་ཁུལ་ཁོངས་ཀྱི་བོགས་གཏོང་རླངས་འཁོར་གྱི་ཟང་ཟིང་སྣང་ཚུལ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ།  སྒྲིག་འགལ་གྱི་བོགས་གཏོང་རླངས་འཁོར་གྱི་ཁ་ལོ་བར་ཐོན་སྐྱེད་བདེ་འཇགས་དང་གཉེར་སྐྱོང་བདེ་འཇགས་སོགས་ཐད་ཀྱི་ཤེས་བྱ་གསབ་ཁྲིད་བྱས་པས།  ཁ་ལོ་བས་རང་རྟོགས་ངང་གཉེར་སྐྱོང་ཚད་ལྡན་དང་ལས་རིགས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཕྱིན་པ་བཅས་བྱུང་ནས།  བོགས་གཏོང་རླངས་འཁོར་ལས་རིགས་ཀྱི་ཟང་ཟིང་སྣང་ཚུལ་བཅོས་སྒྲིག་ནུས་ལྡན་ཐུབ་ཡོད།  དེ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་གྱིས་བོགས་གཏོང་རླངས་འཁོར་གྱི་སྐབས་འཕྲལ་ཁ་བཀག་ས་འཕར་མ་འཛུགས་པའི་ས་གནས་ས་ཐོག་ཀྱི་བརྟག་ཞིབ་ལས་དོན་སྤེལ་ཏེ།  བོགས་གཏོང་རླངས་འཁོར་ཁ་ལོ་བ་དང་འགྲུལ་པ་མང་ཚོགས་ཀྱི་གྲོས་འཆར་བསྡུ་ལེན་གང་ལེགས་བྱས་ནས།  བོགས་གཏོང་རླངས་འཁོར་ལ་སྐབས་འཕྲལ་ཁ་བཀག་ས་འདེང་ངེས་ཡོང་བ་དང་བོགས་གཏོང་རླངས་འཁོར་གྱི་ཁ་ལོ་བའི་ཁྲིམས་མཐུན་གཉེར་སྐྱོང་ཁེ་དབང་འགན་སྲུང་ཐུབ་པ་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]