ལྗོངས་ཡོངས་སུ་ཁེ་ལས་ཆུང་གྲས་ཀྱི་ཏང་འཛུགས་ལ་དྲ་དམིགས་ཅན་གྱི་དོ་དམ་བྱེད་པའི་ལས་དོན་སྤེལ་འགོ་ཚུཌ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༦ ཉིན།  ལྗོངས་ཡོངས་སུ་ཁེ་ལས་ཆུང་གྲས་དང་ཚོང་གཉེར་དུད་ཚང་།  ཆེད་ལས་ཁྲོམ་ར་བཅས་ཀྱི་ཏང་འཛུགས་དྲ་དམིགས་ཅན་དུ་དོ་དམ་བྱེད་པའི་ལས་ཀའི་ས་གནས་ས་ཐོག་གི་ཚོགས་འདུ་ལྷ་སར་འཚོགས་ནས།  ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཁུལ་ཁོངས་ཁེ་ལས་ཆུང་གྲས་དང་ཚོང་གཉེར་དུད་ཚང་།  ཆེད་ལས་ཁྲོམ་ར་བཅས་ཀྱི་དཔལ་འབྱོར་རྩ་འཛུགས་ལ་ཏང་འཛུགས་དྲ་དམིགས་ཅན་གྱི་དོ་དམ་ཚོད་ལྟའི་ལས་ཀར་ཕྱོགས་བསྡོམས་བྱས་པ་དང་ཉམས་མྱོང་སྤེལ་རེས་ཁྱབ་གདལ་བཏང་སྟེ།  ལྗོངས་ཡོངས་ཀྱི་ཁེ་ལས་ཆུང་གྲས་དང་ཚོང་གཉེར་དུད་ཚང་།  ཆེད་ལས་ཁྲོམ་ར་བཅས་ཀྱི་དཔལ་འབྱོར་རྩ་འཛུགས་ལ་ཏང་འཛུགས་དྲ་དམིགས་ཅན་གྱི་དོ་དམ་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  ཁེ་ལས་ཆུང་གྲས་དང་ཚོང་གཉེར་དུད་ཚང་།  ཆེད་ལས་ཁྲོམ་ར་བཅས་ལ་དཔལ་འབྱོར་རྩ་འཛུགས་ལ་ཏང་འཛུགས་དྲ་དམིགས་ཅན་གྱི་དོ་དམ་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་ཚུན།  རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར།  ཁྲེན་ཀོན་ཆུས་བཅས་རིམ་པ་གསུམ་གྱི་ཀྲུང་གོ་གུང་ཁྲན་ཏང་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ལས་དོན་ཨུ་ཡོན་ལྷན་ཁང་མཉམ་སྒུལ་བྱས་ཐོག་ལས་དོན་ཆེད་སྒྲུབ་ཚོགས་ཆུང་བཙུགས་ཏེ།  ཚོད་ལྟའི་ཁུལ་ཁོངས་ཀྱི་ཁེ་ལས་དང་ཚོང་གཉེར་དུད་ཚང་ཁག་ཏུ་གཟབ་སྐྱོད་བྱས་པ་དང་བརྟག་དཔྱད་མཐིལ་རྟོགས་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་མ་ཟད།  རིམ་བཞིན་རྩིས་ཐོ་བཟོ་རྒྱུ་དང་ལས་ཀའི་འཆར་གཞི་བཟོས་ཐོག་ཏང་རྩ་འཛུགས་འཛུགས་སྐྱོང་དང་ཏང་འཛུགས་དཔེ་སྟོན་སྡེ་ཁུལ་གཏོད་པ་སོགས་ཀྱི་ལས་དོན་ལ་ཡང་བརྟན་པོའི་ངང་སྐུལ་འདེད་བཏང་བས།  ཁེ་ལས་ཆུང་གྲས་དང་ཚོང་གཉེར་དུད་ཚང་།  ཆེད་ལས་ཁྲོམ་ར་བཅས་ཀྱི་དཔལ་འབྱོར་རྩ་འཛུགས་ལ་ཏང་འཛུགས་དྲ་དམིགས་ཅན་གྱི་དོ་དམ་ཚོད་ལྟའི་ལས་དོན་སྤེལ་རྒྱུར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས་ལྗོངས་ཡོངས་སུ་ཉམས་མྱོང་ཁྱབ་གདལ་བཏང་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]