ད་ལོར་རང་ལྗོངས་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་པ༥༣༩༩བསྡུ་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གྲོང་ཚོར་བཅར་སྡོད་ལས་བྱེད་དཔུང་ཁག་གི་གྲུབ་ཆ་ལེགས་སུ་གཏོང་རྒྱུ་དང་གྲོང་ཚོ་ཨུ་ལྷན་ཚན་ཁག་གི་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་རྒྱུ།  དབུལ་གྲོལ་འགག་སྒྲོལ་གྱི་ལས་ཀར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུ།  གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ།  སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཆེད།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་བརྒྱུད།  ཉེ་དུས།  རང་ལྗོངས་ཀྱིས་སྤྱི་ལོ ༢༠༡༩ ལོའི་ཁག་དང་པོ་དང་གཉིས་པའི་གཞུང་ཞབས་པའི་ཡིག་རྒྱུགས་ནང་ཞུགས་ཀྱང་ལས་ཞུགས་མ་ཐུབ་པའི་སློབ་ཆེན་སློབ་ཐོན་སློབ་མའི་ནང་ནས།  གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་པ ༥༣༩༩ གདན་ཞུ་བྱ་རྩིས་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  ཆེད་བསྐོས་པ་པ་དེ་དག་གི་གདན་ཞུ་བྱ་ཡུན་ལོ་གསུམ་ཡིན་པ་དང་།  ཁོང་ཚོ་ལས་ཁུངས་དང་བྱ་གཞག་ཚན་པའི་སྒྲིག་ཁོངས་སུ་ཚུད་པའི་མི་སྣའི་ཁོངས་སུ་གཏོགས་ཀྱི་མེད་ཀྱང་ཁོང་ཚོར་གཞི་རྩའི་གླ་ཕོགས་དང་བྱས་འབྲས་དཔྱད་ཞིབ་བྱ་དགའ།  འགན་བཅོལ་སོགས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད།  གདན་ཞུའི་འབྲེལ་ཡོད་ཞིབ་ཕྲའི་གནས་ཚུལ་བོད་རང་སྐྱོངས་ལྗོངས་མི་རྒྱུན་ཐིང་གི་ཆ་འཕྲིན་དྲ་བ་དང་།  བོད་ལྗོངས་ཀྱི་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཆ་འཕྲིན་དྲ་བའི་ཐོག་འགྲེམས་བསྒྲགས་བྱས་པའི་སྤྱི་ལོ ༢༠༡༩ ལོའི་བོད་རང་སྐྱོངས་ལྗོངས་ཀྱི་སློབ་ཆེན་སློབ་ཐོན་སློབ་མའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་སྤྱི་བསྒྲགས་བརྒྱུད་ཤེས་རྟོགས་བྱེད་ཆོག་གི་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]