ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་ཞིབ་བྱས་འབྲས་སྤེལ་རེས་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་ཞིབ་བྱས་འབྲས་ཀྱི་སྤེལ་རེས་ཚོགས་འདུ་འཚོགས་པ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་དབུས་ཏུང་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་བསྟུན། རང་ལྗོངས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་སློབ་གསོའི་སྐོར་ཞིབ་མཛུབ་ཁྲིད་ཚོགས་ཆུང་དང་པོའི་ཁོངས་མི་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་ཡོད། 
ཝང་དབུས་ཏུང་ནས་ལྗོངས་ཡོངས་སུ་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བརྟན་ལྷིང་དང་གོང་འཕེལ།  སྐྱེ་ཁམས་བཅས་ཀྱི་དོན་ཆེན་གསུམ་དང་དམ་པོར་བསྟུན་ཏེ།  ཏང་དོ་དམ་དང་བཅོས་སྐྱོང་ལ་འཕྲད་པའི་དོན་དངོས་གནད་དོན་ལ་བསྟུན་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་སྲོལ་བཟང་དར་བ་བྱེད་དགོས་པ་དང་།  ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བསམ་ཕྱོགས་དང་བྱ་ཐབས་སྔར་བས་ཚན་རིག་དང་མཐུན་ལ་དོ་ནན་པ་དང་ནུས་ལྡན་བཅས་ཡོང་བ་བྱེད་དགོས་པ།  བརྟག་ཞིབ་བྱས་འབྲས་དེ་ལས་དོན་དང་ལམ་ལུགས།  རིགས་གཞུང་བཅས་ཀྱི་ཕན་འབྲས་ལ་འགྱུར་བ་བྱས་ནས་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་ལེགས་པོས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]