ད་ལོའི་ལོ་སྟོད་དུ་རང་ལྗོངས་ཀྱི་མཐའ་མཚམས་ཉོ་ཚོང་གོང་འཕེལ་ཡག་པོ་བྱུང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ད་ལོའི་ལོ་སྟོད་དུ་རང་ལྗོངས་ཀྱི་མཐའ་མཚམས་ཉོ་ཚོང་གོང་འཕེལ་ཡག་པོ་བྱུང་ནས་སྤྱིར་བཏང་ཕྱིར་གཏོང་ཉོ་ཚོང་བྱེད་ཚད་འཕར་སྣོན་བྱུང་བ་དང་།  མཐའ་མཚམས་གྲངས་ཉུང་གི་ཕྱིར་གཏོང་ཉོ་ཚོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར ༡༠.༦༨ ཟིན་པ་དེས།  ཕྱིར་གཏོང་ནང་འདྲེན་སྤྱི་འབོར་གྱི་བརྒྱ་ཆ ༧༠.༨ ཟིན་གྱི་ཡོད་ལ་དུས་མཚུངས་པ་དང་བསྡུར་ན་བརྒྱ་ཆ ༡༨.༣ འཕར་ཡོད།  
ཤེས་རྟོགས་བྱས་པར་གཞིགས་ན།  ད་ལོའི་ལོ་སྟོད་དུ་ནེ་པ་ལ་ནི་སྔར་རྒྱུན་བཞིན་རང་ལྗོངས་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་ཁྲོམ་ར་གཙོ་བོ་དེ་ཡིན་པས་རང་ལྗོངས་དང་ཉོ་ཚོང་བྱེད་མཁན་རྒྱལ་ཁབ་ཁྲོད་ནེ་པ་ལའི་དབར་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་ཨང་དང་པོར་སླེབས་ཀྱི་ཡོད།  ལོ་སྟོད་དུ་ནེ་པ་ལའི་དབར་དང་ཉོ་ཚོང་བྱེད་ཚད་སྒོར་དུང་ཕྱུར ༡༡.༡༨ ཟིན་པ་དེས་ཕྱིར་གཏོང་ནང་འདྲེན་སྤྱི་འབོར་གྱི་བརྒྱ་ཆ ༧༤.༡ ཟིན་ཏེ་དུས་མཚུངས་པ་ལས་བརྒྱ་ཆ ༢༡ འཕར་ཡོད།
གཞན་ཡང་།  ལོ་སྟོད་དུ་རང་ལྗོངས་ཀྱིས་ཁྱོན་མ་འཇོག་བྱེད་ཚད་ཊོ་ལཱར་དུང་ཕྱུར་གཅིག་དང་ཁྲི་ཚོ་བདུན་སྟོང་ཟིན་ཞིང་གཏེར་ཁའི་ཐོན་ཁུངས་གསར་སྤེལ་དང་དཔེ་དེབ་དཔར་སྐྲུན།  མ་འཇོག་དོ་དམ་སོགས་ཁྱབ་ཁོངས་དང་འབྲེལ་བའི་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས ༥ དང་ཕྱི་ཕྱོགས་ཀྱི་མ་འཇོག་ཁེ་ལས ༡༢ དབར་ཞིབ་མཆན་ཐོ་འགོད་བྱས་ཡོད་པ་རེད།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]