ལྗོངས་སྒྲིག་ཨུད་ཀྱིས་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་ལ་ལྟ་བསྡུར་བྱས་ནས་ཧེ་བག་འཚོལ་བའི་ཆེད་དོན་ཚོཌ་འདུ་འཚོཌ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་ལ་ལྟ་བསྡུར་བྱས་ནས་ཧེ་བག་འཚོལ་བའི་རྒྱུན་ཨུད་ཀྱི་ཆེད་དོན་ཚོགས་འདུ་འཚོགས་པ་དང་།  ཚན་ཁག་གི་ཁོངས་མིས་གཅིག་བསྡུས་ཐོག་ཏང་གི་སྒྲིག་ཡིག་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་ཞིག  ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་བཅས་སློབ་སྦྱོང་བྱེད་པའི་རྨང་གཞིའི་ཐོག  རེ་རེ་བཞིན་ལྟ་བསྡུར་ཞིབ་དཔྱད་བྱས་པ་རེད།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་དབུད་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་སྣེ་འཁྲིད་དེ་རང་སྐྱོན་རང་བརྗོད་གནང་བ་རེད།

ཝང་དབུད་ཏུང་ནས།  ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་སྒྲིག་ཡིག་གིས་རྩ་བའི་གཞི་འཛིན་ས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  ཐོག་མཐའ་བར་གསུམ་དུ་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་ལ་སློབ་སྦྱོང་དང་གོང་བཀུར་སྲུང་སྐྱོང་བཅས་ཞུ་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ།  ཆབ་སྲིད་ཀྱི་ངེས་ནུས་ཆེ་རུ་བཏང་ཐོག་སྒྲིག་བཤེར་ལྟ་ཞིབ་ཀྱི་འགན་འཁྲི་གཉིས་ཡག་པོ་འཁུར་ཏེ།  ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གཏིང་ཟབ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]