རང་ལྗོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་དུ་བཏང་ནས་གཙོ་དོན་སློབ་གསོ་རྒྱུན་མཐུད་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན།  རང་ལྗོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།  དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཧེ་བག་འཚོལ་བ།  སློབ་སྦྱོང་བྱེད་བཞིན་བཅོས་སྒྲིག་བྱས་ནས་དོན་འཁྱོལ་དམ་འཛིན་བྱེད་པ་བཅས་བྱས་ཏེ།  མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་གནད་དོན་ཐག་གཅོད་བྱེད་པའི་ཁྲོད།  ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་དུ་བཏང་ནས་བརྗོད་དོན་གཙོ་བོའི་སློབ་གསོ་རྒྱུན་མཐུད་གཏིང་ཟབ་སྤེལ་ཡོད།

སྤྱི་ཚེས ༨ ཉིན།  ལྗོངས་སྲིད་གྲོས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་སྦྱོང་སློབ་གསོ་དང་བརྟག་ཞིབ་གྲུབ་འབྲས་ཀྱི་སྤེལ་རེས་ཚོགས་འདུ་འཚོགས་པ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་གཡས་ཤན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཏིང་གཡས་ཤན་ནས།  ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཨུ་ཡོན།  སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་བཅས་ཀྱིས་ལྟ་བཤེར་བྱས་པའི་གནད་དོན་དང་བསྡུ་ལེན་བྱས་པའི་གྲོས་འཆར་གསེད་བཀྲོལ་ནན་ཏན་བྱེད་པ་དང་།  གནད་དོན་རེ་རེ་བཞིན་བཅོས་སྒྲིག་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་ཆོས་ལུགས་དེ་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ།  ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་མཐུན་སྒྲིལ་བྱས་ནས་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་།  མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་མཐའ་གཅིག་ཏུ་རྒྱག་དགོས་པའི་ནན་བཤད་གནང་ཡོད།

སྤྱི་ཚེས ༨ ཉིན།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་གྲུབ་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཏེ་ཏང་ཐུགས་བློ་བདེ་བ་དང་མི་དམངས་བློ་ཡིད་འཚིམ་པའི་བོད་ཀྱི་རིག་གནས་བྱ་གཞག་ཡག་པོ་སྒྲུབ་རྒྱུས་གཙོ་དོན་གནང་སྟེ།  རིག་གནས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པར་ཏང་གི་སློབ་ཚན་འཁྲིད་གནང་བ་རེད།  སྤྱི་ཚེས ༩ ཉིན།  ལྗོངས་སྲིད་གྲོས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་སྙན་ཞུའི་ཚོགས་འདུ་ཚོགས་པ་དང་།  རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཀའོ་ཡང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།  ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་གཡའ་ལིན་དང་སྒྲོལ་དཀར།  ལེའི་ཀུད་ལུང་བཅས་ཚོགས་འདུར་ཕེབས་ཡོད།  ལྗོངས་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་བདེ་སྐྱིད་མཚོ་མོས་གདན་ཞུས་ལྟར།  ལོ་རྒྱུས་དཔྱད་གཞིར་འཛིན་ཏེ་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་འགོ་བརྗོད་དུ་འཁོད་པའི་ཆེད་དོན་སྙན་ཞུ་གནང་བ་རེད།  སྤྱི་ཚེས ༩ ཉིན།  ལྗོངས་སྲིད་གཞུང་གཞུང་ལས་ཐིང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་གཞོན་པ། རང་སྐྱོང་ལྗོངས་ཀྱི་དེ་སྔའི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བློ་བཟང་དོན་གྲུབ་དང་།  ལྗོངས་སྲིད་གཞུང་གཞུང་ལས་ཐིང་གི་དེ་སྔའི་ཡིག་བཀུར་ཞུ་འབུལ་ཁྲུའི་ཁྲུའུ་ཀྲང་ཀུན་བཟང་།  རྩོམ་བསྒྱུར་ཅུད་ཀྱི་དེ་སྔའི་ཀྲུའུ་རེན་ཕུན་ཚོགས་རྣམ་རྒྱལ་བཅས་བློ་མཐུན་རྒན་གྲས་གསུམ་གྱིས་ན་གཞོན་བློ་མཐུན་ཚོར་ངས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ སོང་རིང་གི་གྲུབ་འབྲས་གསར་པར་བལྟ་ཞེས་པའི་གཙོ་དོན་ཏང་གི་སློབ་ཚན་འཁྲིད་པར་གདན་ཞུ་བྱས་ཡོད།

ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་གནད་དོན་འཛིན་ཕྱོགས་བྱས་ཏེ་གོང་འཕེལ་གྱི་དཀའ་གནད་སེལ་བ་དང་།  མི་དམངས་མང་ཚོགས་ཀྱིས་དོ་འཁུར་ཆེ་ཤོས་བྱེད་པའི་སྡོད་ཁང་འགན་སྲུང་དང་།  གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཡོད།  དེང་སྐབས།  བརྗོད་དོན་གཙོ་བོའི་སློབ་གསོ་བརྒྱུད་གནད་དོན ༢༢ ལྟ་བཤེར་ཐུབ་པའི་ཁྲོད་ནས་གནད་དོན ༡༥ འཕྲལ་དུ་བཅོས་སྒྲིག་བྱས་ཡོད་པ་དང་།  སྤྱི་ཟླ་བརྒྱད་པའི་ཟླ་མཇུག་གོང་གནད་དོན ༦ བཅོས་སྒྲིག་ཐུབ་པ་བྱེད་རྒྱུ་ཡིན་ཞིང་།  ལོ་མཇུག་གོང་གནད་དོན་མཇུག་ཤོས་དེ་བཅོས་སྒྲིག་ཐུབ་པ་བྱེད་རྒྱུ་དང་ཆབས་ཅིག་འབྲེལ་ཡོད་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཕུགས་ཕན་ལམ་སྲོལ་གྲུབ་པ་བྱེད་རྒྱུ་རེད།

ལྗོངས་ཆུ་བེད་ཐིང་གིས་གནད་དོན་གྱི་འཛིན་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་བཅོས་སྒྲིག་བྱེད་རྒྱུ་བརྒྱུད་རིམ་ཡོངས་ལ་ཁྱབ་པ་བྱེད་པ།  བརྟག་དཔྱད་ཞིབ་འཇུག་དམ་འཛིན་ཏན་ཏིག་བྱེད་པ།  ཆུ་བེད་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པ་དང་གླེང་མང་བའི་དཀའ་གནད་གནད་དོན་འཚོལ་ཞིབ་གསལ་རྟོགས་ཐུབ་པ་བཅས་བྱས་ཏེ་ཕྱོགས་ལྔའི་ཐད་ཀྱི་ལྟ་བཤེར་བྱེད་དགོས་པའི་ཞིབ་ཕྲའི་གནད་དོན ༢༥ ཞིབ་བཤེར་བྱས་ཡོད།

ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་གིས་དྲ་འཕྲིན་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་དང་མང་ཚོགས་ཀྱི་བསམ་འཆར་ཆེ་བའི་གནད་དོན་ལ་དམིགས་ཏེ།  ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཐོག་སྣེ་ཁྲིད་ནས་གཞི་རིམ་འཐབ་ས་དང་པོར་བརྟག་ཞིབ་བྱེད་པར་བསྐྱོད་དེ།  དྲ་འཕྲིན་བྱ་གཞག་གི་ཆད་སྐྱོན་འཚོལ་ཞིབ་ནན་ཏན་བྱས་པས་གནད་དོན ༡༩ དང་བཅོས་སྒྲིག་བྱ་ཐབས ༦༢ གསེད་བཀྲོལ་ཐུབ་ཡོད་པ་དང་།  ད་བར་གནད་དོན ༡༨ བཅོས་སྒྲིག་དོན་འཁྱོལ་བྱས་ཟིན་ཡོད།

སྤྱི་ཟླ ༨ པའི་ཚེས ༧ དང་ ༨ ཉིན།  རང་སྐྱོང་ལྗོངས་ཏང་ཨུད་ལས་བྱེད་རྒན་གྲས་ཅུད་ཀྱིས་གཙོ་གཉེར་བྱས་པའི་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲངས་པ་བཅས་ཀྱི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་བ་དང་།  རང་ལྗོངས་ཀྱི་འཐབ་ཕྱོགས་ཁག་ནས་ཕེབས་པའི་ལས་འཁྱུར་རྒན་ཡོལ་ཞུས་པའི་ལས་བྱེད་པ་ཚོས་འཁྲབ་ཚན་ཐུང་ངུ་དང་ཞབས་བྲོ།  རྐྱང་གཞས།  ལྷ་མོ་སོགས་འཁྲབ་སྟོན་བྱས་ནས་དུས་རབས་གསར་པའི་བོད་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་ཉམས་བཟང་མངོན་པར་བྱས་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]