དཔའ་ཤོད་རྫོང་གིས་གྲོང་ཚོའི༼སྡེ་ཁུལ༽རང་རྐྱ་འཕེལ་ནུས་ཆེ་རུ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དཔའ་ཤོད་རྫོང་གི་གྲོང་ཚོ་ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་གིས་ཡུལ་བབས་དང་བསྟུན་ནས་ཐོན་ལས་འཕེལ་རྒྱས་ཀྱི་འཆར་གཞི་བཟོས་ཏེ།  གྲོང་ཚོར༼ སྡེ་ཁུལ ༽ཐོན་ལས་གསར་པ་སྐྱེད་སྲིང་དང་གོང་འཕེལ་གཏོང་རོགས་བྱས་པ་དང་།  གྲོང་ཚོའི༼ སྡེ་ཁུལ ༽རང་རྐྱ་འཕེལ་ནུས་ཆེ་རུ་བཏང་བ་རེད།  ད་བར་དཔའ་ཤོད་རྫོང་གིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར ༤༥ བཙུགས་པ་དང་།  སྤྱི་ལོ ༢༠༡༨ ལོར་ཁེ་སྤོགས་སྒོར་ཁྲི་ཚོ ༥༢༠ ལྷག་ཙམ་བྱུང་ཡོད།  གྲོང་ཚོ་ཁག་ལ་བཅའ་སྡོད་ལས་དོན་རུ་ཁག་གིས་བཅའ་སྡོད་བྱེད་ཡུལ་གྱི་ཐོན་ཁུངས་ལེགས་ཆར་བརྟེན་ནས་ཡུལ་སྐོར་དང་ཐོན་ལས་གཞན་དག་མཉམ་འདྲེས་དང་།  སྐྱེ་ཁམས་དང་ཐོན་ལས་གཞན་དག་མཉམ་འདྲེས་སོགས་ཀྱི་རྣམ་པ་བརྒྱུད།  ཞིང་ལས་དང་ཡུལ་སྐོར།  རིག་གནས་སོགས་ཀྱི་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

གླ་སྐེ་ཤང་གླ་སྐེ་གྲོང་ཚོར་བཅའ་སྡོད་ཆབ་མདོ་གྲོང་ཨུད་གཞུང་ལས་ཁང་གི་ལས་དོན་རུ་ཁག་གིས།  ཐོན་ཁུངས་ལེགས་སྒྲིག་དང་ཚོང་འགུགས་མ་འདྲེན་བརྒྱུད་མ་དངུལ་སྒོར་ཁྲི་ཚོ ༤༠༠ བཏང་སྟེ།  གླ་སྐེན་གྲོང་ཚོར་བཟའ་བཏུང་དང་མགྲོན་ཁང་།  རོལ་རྩེད།  ཡུལ་སྐོར་སོགས་གཞི་གཅིག་ཏུ་བསྡུས་པའི་ས་ཚིགས་བཙུགས་ཡོད།  ར་འོག་གྲོང་རྡལ་ལ་སྒོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ལ་སྒོ་འཁྱགས་རོམ་དང་ར་འོག་མཚོའི་ཡུལ་སྐོར་ཐོན་ཁུངས་བེད་སྤྱད་དེ།  ཡུལ་སྐོར་ཁྱིམ་ཚང་མགྲོན་ཁང་དང་རྟ་ཐོག་ཡུལ་སྐོར་སོགས་ཀྱི་ཞབས་ཞུའི་རྣམ་གྲངས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ།  ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ལ་སྐུལ་ཁྲིད་བྱས་པས་སྤྱི་ལོ ༢༠༡༨ ལོར་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར ༣༠༠༠ ལྷག་བྱུང་ཡོད།  ཐང་དཀར་གྲོང་རྡལ་རབ་མདོ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་གཞུང་རྒྱུ་ཨུ་ལྷན་གྱི་ལས་དོན་རུ་ཁག་གིས།  མ་དངུལ་སྒོར་ཁྲི་ཚོ ༡༥༠ ལྷག་བཏང་ནས་འབྲི་གཡག་གསོ་སྤེལ་རྟེན་གཞི་བཙུགས་པ་དང་མ་དངུལ་སྒོར་ཁྲི་ཚོ ༤༠༠ ལྷག་བརྩོན་ལེན་བྱས་ཏེ་གྲང་འཇུག་སྐྱེལ་འདྲེན་གཞི་གཅིག་ཅན་གྱི་གྲང་འཇུག་སྐྱེལ་འདྲེན་མཛོད་ཁང་བཙུགས་པ།  གླིང་དཀར་ཤང་རྫོང་དཀར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་དེའི་བྲ་བོ་དང་རྒུན་འབྲུམ་སོགས་དཔལ་འབྱོར་ལོ་ཏོག་འདེབས་འཛུགས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ།  བྲ་བོ་ཨ་རག་དང་རྒུན་འབྲུམ་ཨ་རག་བཟོས་པས་ད་ལོ་ཡོང་འབབ་སྒོར་ཁྲི་ཚོ ༣༠ ལྷག་ཙམ་བྱུང་བ་བཅས་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]