རང་ལྗོངས་ཀྱིས་འདི་ལོའི་མཐོ་རྒྱུགས་དང་འབྲིང་རྒྱུགས་ཆུང་རྒྱུགས་བཅས་ཀྱི་ཡིག་རྒྱུགས་དང་སློབ་བསྡུའི་ལས་དོན་ཏན་ཏིག་སྒྲུབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  གསར་འགོད་པས་རང་སྐྱོང་ལྗོངས་སློབ་བསྡུ་ཡིག་རྒྱུགས་ཨུ་ལྷན་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ ༢༠༡༩ ལོའི་རང་ལྗོངས་ཀྱི་མཐོ་རྒྱུགས་དང་འབྲིང་རྒྱུགས།  ཆུང་རྒྱུགས་བཅས་ཀྱི་ཡིག་རྒྱུགས་དང་སློབ་བསྡུའི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་ཡོད།  རང་ལྗོངས་སུ་ད་ལོ་སྤྱིར་བཏང་མཐོ་རྒྱུགས་དང་ཁ་གཏད་མཐོ་རིམ་ལས་རིགས་སློབ་གསོའི་ཡིག་རྒྱུགས་ནང་ཞུགས་མཁན་ལྗོངས་ནང་ཁུལ་གྱི་སློབ་མ་ཁྱོན་ཁྲི ༣.༣ ལྷག་ཙམ་ཡོད་པ་དང་།  སྤྱིར་བཏང་མཐོ་རྒྱུགས་ཁྲོད་ནས་སྔ་སྣུར་དུ་ཁེར་རྐྱང་བསྡུ་བའི་གཙོ་གནད་དངོས་གཞིའི་ཚན་ཁག་ལ་སློབ་མ ༤༡༤ ཚུད་པ་དང་།  ལྗོངས་ནང་ཁུལ་གྱི་སྔ་སྣུར་དུ་ཁེར་རྐྱང་བསྡུ་བའི་སྤྱིར་བཏང་དངོས་གཞིའི་ཚན་ཁག་ལ་དངོས་སུ་སློབ་མ ༧༣༩ ཚུད་ཡོད།  དེང་སྐབས་སློབ་མ ༢༧༦༨ བསྡུས་ཟིན་པ་དང་ལྷག་འཕྲོས་རྣམས་སློབ་བསྡུའི་འཆར་གཞི་ལྟར་མུ་མཐུད་བསྡུ་བཞིན་ཡོད།

རང་ལྗོངས་ཀྱི་སྤྱི་ལོ ༢༠༡༩ ལོའི་ནང་སའི་བོད་ལྗོངས་མཐོ་རིམ་སློབ་འབྲིང་ལ་ཡིག་རྒྱུགས་གཏོང་མཁན་སློབ་མ ༣༣༣༨ ཡོད་པ་དང་།  ཡིག་རྒྱུགས་སྐར་གྲངས་ཐོན་རྗེས་འདོད་མཐུན་རེའུ་མིག་སྐོང་རྒྱུ་ད་ལོ་ཐོག་མར་ལག་བསྟར་བྱས་པ་དང་།  སྤྱི་ཟླ ༨ པའི་ཚེས ༦ ཉིན་བར་ནང་སའི་བོད་ལྗོངས་མཐོ་རིམ་སློབ་གྲྭས་ཁྱོན་སློབ་མ ༢༠༩༥ བསྡུས་ཡོད།  ད་ལོ་རང་ལྗོངས་སུ་འབྲིང་རྒྱུགས་གཏོང་མཁན་གྱི་སློབ་མ་ཁྲི ༤.༢ ལྷག་ཙམ་ཡོད་པ་དང་།  ད་བར།  བོད་རང་སྐྱོང་ལྗོངས་ཀྱི་མཐོ་འབྲིང་དུས་མཚམས་ཀྱི་སློབ་གྲྭས་ཁྱོན་སློབ་མ ༡༨༠༣ བསྡུས་པ་དང་།  ནང་སའི་བོད་ལྗོངས་མཐོ་རིམ་སློབ་འབྲིང་གི་བར་བཅུག་འཛིན་གྲྭའི་འཆར་གཞིའི་འདོད་མཐུན་རེའུ་མིག ༡༦༧ འགོད་པའི་ལས་དོན་སྤྱི་ཟླ ༨ པའི་ཚེས ༦ ཉིན་མཇུག་སྒྲིལ་བ་དང་དེང་སྐབས་སློབ་མ་བསྡུ་བཞིན་ཡོད།

ད་ལོ་ལྗོངས་ཡོངས་སུ་ཆུང་རྒྱུགས་གཏོང་མཁན་སློབ་མ་ཁྲི ༡.༨ ཡོད་པ་དང་།  སྤྱི་ཟླ་བདུན་པའི་ཟླ་མཇུག་བར།  གྲོང་ཁྱེར༼ས་ཁུལ༽ཁག་གིས་དམའ་རིམ་སློབ་འབྲིང་ལ་སློབ་མ་བསྡུ་བའི་ལས་དོན་སྤེལ་ཟིན་པ་མ་ཟད་སྤྱི་ཚོགས་ལ་ཡོངས་བསྒྲགས་ཀྱང་བྱས་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]