གཞུང་ལམ་གྱི་གནད་དོན་ཐག་གཅོད་བྱས་ཏེ་ཕྱུག་འགྱུར་ཐུབ་པ་བྱེད།

ཡོང་ཁུངས།   བདོ་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གཞུང་ལམ་གྱི་གནད་དོན་ཐག་གཅོད་བྱས་ཏེ་ཕྱུག་འགྱུར་ཐུབ་པ་བྱེད་ཅེས་མགོ་བརྗོད་དུ་འཁོད་པའི་བོད་ལྗོངས་རླུང་འཕྲིན་ལས་ཁུངས་ཀྱི་དཔྱད་གཏམ་ཐུང་ངུའི་ནང་།  དེ་སྔོན་མེ་ཏོག་རྫོང་གི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་ལ་བཅུར་བཀག་བཟོ་བའི་འགྲིམ་འགྲུལ་གནད་དོན་དེ་ཁྲབ་རྨོག་ནས་མེ་ཏོག་བར་གྱི་གཞུང་ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས་ཡོངས་སུ་ཐག་གཅོད་ཐུབ་པ་དང་།  དུས་དེ་ནས་བཟུང་མེ་ཏོག་གི་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་གོང་འཕེལ་རྗེས་ལུད་ཀྱི་ལོ་རྒྱུས་མཇུག་སྒྲིལ་ཏེ།  དཔལ་འབྱོར་རྒྱུན་མཐུད་གོང་འཕེལ་དང་སྤྱི་ཚོགས་ཕྱོགས་ཡོངས་བདེ་འཁོད།  མང་ཚོགས་འབབ་འཕར་བྱུང་ཞིང་འཚོ་བའི་ཆུ་ཚད་རྒྱུན་མཐུད་ལེགས་བཅོས་བྱུང་བ་བཅས་ཀྱི་རྣམ་པ་གསར་པ་མངོན་ཐུབ་ཡོད།

མེ་ཏོག་རྫོང་གི་དཔལ་འབྱོར་གོང་འཕེལ་མགྱོགས་པོ་བྱུང་བ་དེ་ནི་ཉེ་བའི་ལོའི་རིང་རང་ལྗོངས་ཀྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་བརྒྱུད་དཔལ་འབྱོར་གོང་འཕེལ་ལ་སྐུལ་ཁྲིད་བྱས་པའི་མངོན་ཚུལ་ཙམ་ཞིག་རེད།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བོད་ལྗོངས་ཀྱིས་སྔ་རྗེས་སུ་ལྷ་ཉིང་རིམ་མཐོའི་གཞུང་ལམ་དང་གཞེས་རྩེའི་གྲོང་ཁུལ་ནས་ཞི་བདེ་འབབ་ཐང་བར་གྱི་རིམ་མཐོའི་གཞུང་ལམ།  ལྷོ་ཁའི་རྩེད་ཐང་ནས་གོང་དཀར་འབབ་ཐང་བར་གྱི་རིམ་མཐོའི་གཞུང་ལམ།  ལྷ་ས་ནས་རྩེད་ཐང་བར་གྱི་རིམ་མཐོའི་གཞུང་ལམ་སོགས་འཛུགས་སྐྲུན་བྱེད་འགོ་བཙུགས་པ་དང་ཆབས་ཅིག  ལྷ་གཞིས་ལྕགས་ལམ་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་ལྷ་ཉིང་ལྕགས་ལམ་སྐྲུན་བཞིན་ཡོད་ཅིང་ཁྲོན་བོད་ལྕགས་ལམ་གྱི་ལས་འགོ་བཙུགས་ཟིན་པ་མ་ཟད།  འབབ་ཐང་གི་རོགས་སྐྲུན་གསུམ་དང་རྒྱ་སྐྱེད་གཅིག་གི་རྣམ་གྲངས་ཀྱང་སྐྲུན་འགོ་ཚུགས་པས་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པའི་བོད་ཀྱི་འགྲིམ་འགྲུལ་དྲ་བ་ཞིག་གྲུབ་བཞིན་ཡོད།

བོད་ལ་རྣམ་གྲངས་གལ་ཆེན་མང་པོ་ཞིག་སྐྲུན་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ནས་བོད་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་དང་རྒྱལ་ཡོངས་ཀྱི་ཁ་གཏད་བོད་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱི་སྒེར་སེམས་མེད་པའི་རོགས་སྐྱོར།  རང་ལྗོངས་མི་རིགས་ཁག་གི་མང་ཚོགས་ཀྱི་གསར་འབྱེད་ཡར་བརྩོན་དང་མཐུན་སྒྲིལ་འབད་འཐབ་བཅས་དང་ཁ་བྲལ་ཐབས་མེད།  ང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཏེ་དུས་རབས་གསར་པའི་གོང་འཕེལ་གྱི་གོ་སྐབས་དམ་འཛིན་བྱས་ནས་བོད་ལྗོངས་གོང་འཕེལ་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་ཀྱི་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]