མཛེས་སྡུག་ལྡན་པའི་མཐའ་མཚམས་གསར་པ་ཞེས་པའི་བོད་ལྗོངས་ཀྱི་གནས་ཚུལ་དྲ་ཐོག་ནས་གཏོང་སྤེལ་བྱེད་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༨ པའི་ཚེས ༡༣ ཉིན་གྱི་སྔ་དྲོ།  དུས་རབས་གསར་པའི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་གསར་པ་ཞེས་བརྗོད་དོན་གཙོ་བོར་བྱས་པའི་བོད་ལྗོངས་ཀྱི་གནས་ཚུལ་དྲ་ཐོགས་གཏོང་སྤེལ་བྱེད་སྒོའི་བཞུགས་མོལ་ཚོགས་འདུ་ལྷ་སར་བསྐོང་འཚོགས་བྱས་པ་དེའི་ཐོག་ནས།  ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་དྲ་བའི་སྦྱན་སྦྱོར་ཚན་པས་ཐུན་མོང་ཐོག་དྲ་ཐོག་ནས་བོད་ལྗོངས་ཀྱི་འཕོ་འགྱུར་གཏོང་སྤེལ་བྱེད་འགོ་ཚུགས་པ་མཚོན་གྱི་ཡོད།  རང་ལྗོངས་ཀྱི་དྲིལ་བསྒྲགས་དང་འཕེལ་བསྒྱུར།  དབུལ་སྐྱོར།  ཁོར་ཡུག་སྲུང་སྐྱོབ་སོགས་ཚན་པའི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་།  ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་དྲ་བའི་སྨྱན་སྦྱོར་ཚན་པ་བཅུ་ལྷག་ཙམ་གྱི་གསར་འགོད་པས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ ༧༠ འཁོར་བའི་ཚུན་དང་བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་ནས་ལོ ༦༠ སོང་རིང་།  རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་ཐད་སྤེལ་རེས་གཏིང་ཟབ་བྱས་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  ད་རེས་ཀྱི་བརྗོད་དོན་གཙོ་བོའི་དྲ་ཐོགས་གཏོང་སྤེལ་བྱེད་སྒོ་དེ་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་དྲ་བའི་གསར་འགྱུར་ཆ་འཕྲིན་བརྒྱུད་སྤེལ་ཅུས་ཀྱིས་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་།  ཤིན་ཅང་དང་ནང་སོག  བོད་ལྗོངས་བཅས་ཀྱི་མཐའ་མཚམས་གྲངས་ཉུང་མི་རིགས་རང་སྐྱོང་ལྗོངས་གསུམ་གནས་ཚུལ་གཏོང་སྤེལ་བྱེད་ཁོངས་སུ་བདམས་པ་དང་།  རང་ལྗོངས་ནི་ད་རེས་ཀྱི་བརྗོད་དོན་གཙོ་བོའི་དྲ་ཐོགས་གཏོང་སྤེལ་བྱེད་སྒོའི་ས་ཚིགས་མཇུག་ཤོས་དེ་རེད།  བྱེད་སྒོའི་ནང་ཤིན་ཧྭ་དྲ་བ་དང་མི་དམངས་དྲ་བ།  ཀྲུང་དབྱང་བརྙན་འཕྲིན་དྲ་བ་སོགས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་དྲ་བའི་སྦྱན་སྦྱོར་ཚན་པ་བཅུ་ལྷག་ཙམ་གྱིས་ལྷ་ས་དང་ལྷོ་ཁ་གྲོང་ཁྱེར་གྱི་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་དང་ཞིང་མུ་འབྲོག་ཐང་ཁག་ཏུ་བསྐྱོད་དེ་རང་ལྗོངས་ཀྱི་ཕྱོགས་ཁག་གི་གོང་འཕེལ་འགྱུར་ལྡོག་ལ་མྱོང་རོལ་ཏན་ཏིག་བྱེད་རྒྱུ་མ་ཟད།  དྲ་བའི་སྨྱན་སྦྱོར་བརྒྱུད་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་སྒྲུང་གཏམ་གཏོང་སྤེལ་ཡང་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]