ད་ལོའི་ཞོ་སྟོན་སྤྱི་ཟླ༨པའི་ཚེས༣༠ཉིན་ནས་སྤྱི་ཟླ༩པའི་ཚེས༥ཉིན་བར་གཏོང་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༨ པའི་ཚེས ༡༤ ཉིན་གྱི་སྔ་དྲོ།  ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་འཚོགས་ནས།  ཀྲུང་གོའི་ལྷ་སའི་སྤྱི་ལོ ༢༠༡༩ ལོའི་ཞོ་སྟོན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་ཡོད།

དགའ་སྤྲོ་འཁོལ་བའི་ཀྲུང་གོའི་ཞོ་སྟོན་དང་མཛེས་སྡུག་བདེ་སྐྱིད་ལྡན་པའི་ལྷ་ས་ཞེས་གཙོ་དོན་དུ་བྱས་པའི་ལྷ་སའི་ད་ལོའི་ཞོ་སྟོན་དེ་སྤྱི་ཟླ ༨ པའི་ཚེས ༣༠ ནས་སྤྱི་ཟླ ༩ པའི་ཚེས ༥ ཉིན་བར་གཏོང་རྒྱུ་དང་།  དེའི་རིང་གནམ་མཚོའི་རྐང་ཐང་བྱེད་སྒོ་སྐབས་བཅུ་གསུམ་པ་དང་མི་རིགས་མཐུན་སྒྲིལ་ཆེ་མོའི་རྒྱན་གོས་འགྲེམས་སྟོན་བྱེད་སྒོ  ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་འོས་སྦྱོར་བྱེད་སྒོ་དང་གཅིག་བསྡུས་རྣམ་གྲངས་མཆན་འགོད་མཛད་སྒོ  སྲོལ་རྒྱུན་རྟ་རྩལ་གཟིགས་འབུལ།  མིག་མངས་འགྲན་བསྡུར།  སྤུས་ལེགས་ཚོང་ཟོག་འགྲེམས་ཚོང་སོགས་ཀྱི་བྱེད་སྒོ་གཉེར་རྒྱུ་རེད།

ད་ལོའི་ཞོ་སྟོན་ཐོག་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བ་དང་བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་ནས་ལོ་ངོ་ ༦༠ འཁོར་བར་དྲན་གསོ་ཞུ་རྒྱུ་གཙོ་བོར་བྱས་ཏེ།  སྲོལ་རྒྱུན་གོམས་སྲོལ་དང་ལྷ་སའི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་ཐད་བྱུང་བའི་འགྱུར་ལྡོག་གཅིག་བསྡུས་ཐོག་མངོན་པ་བྱས་ནས།  ནང་དོན་ཕུན་སུམ་ཚོགས་པ་དང་ཁྱད་ཆོས་ཀྱིས་ཕྱུག་པ།  རིག་གནས་རྨང་གཞི་ཟབ་པ།  བརྗེད་པར་དཀའ་བ་བཅས་ཀྱི་དུས་ཆེན་ཞིག་གཏོང་ཐུབ་པ་བྱས་ནས་ལྷ་སའི་དཔལ་འབྱོར་སྤྱི་ཚོགས་སྔར་བས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]