རང་ལྗོངས་ཀྱིས་གྲོང་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ཏན་ཏིག་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་གྲོང་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་བསྐོང་ཚོགས་བྱས་ཏེ།  གྲོང་གསེབ་ཀྱི་གྲོང་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་ཞིབ་འཇུག་བྱས་པ་རེད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག  འགོ་ཁྲིད་ཚོགས་ཆུང་གི་ཁོངས་གཏོགས་ཚན་པ་གཙོ་བོའི་ལོ་སྟོད་ཀྱི་ལས་ཀའི་འཕེལ་རིམ་གནས་ཚུལ་ཉན་པ་མ་ཟད།  གྲོང་གསེབ་ཀྱི་གྲོང་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱེད་རྒྱུ་ནི་གྲོང་གསེབ་དར་རྒྱས་ཐབས་ཇུས་ལག་བསྟར་བྱེད་པའི་འགག་གནད་དང་པོ་དེ་ཡིན་པས།  ནུས་ཤུགས་ཡོད་རྒུས་ཕྱོགས་ཁག་མང་པོའི་སྲིད་ཇུས་དང་མ་དངུལ།  ལག་རྩལ་བཅས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ནས་ལག་བསྟར་བྱེད་ན་ཆོག་པའི་ཚད་གཞི་བཟོ་བ་དང་།  དཔེ་སྟོན་སྣེ་ཁྲིད་དང་རིགས་དབྱེ་སྐུལ་སྤེལ་བཏང་སྟེ་གཙོ་གནད་ལས་དོན་དགུ་ཏན་ཏིག་ངང་ཡག་པོ་སྒྲུབ་ནས།  མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས་པའི་ནན་བཤད་ཀྱང་གནང་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]