རང་ལྗོངས་ཀྱིས་དམངས་གཉེར་སློབ་གསོ་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་།

ཡོང་ཁུངས།   བོད་ལྗོངས་རླུ་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་རིང་།  སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་སྣ་མང་ཅན་དང་བང་རིམ་མང་བའི་མི་དམངས་མང་ཚོགས་ཀྱི་སློབ་གསོའི་དགོས་མཁོ་སྐོང་ཆེད།  རང་ལྗོངས་ཀྱིས་སློབ་གསོའི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་སྤྱི་ཚོགས་སྟོབས་ཤུགས་ཀྱིས་སློབ་གསོ་གཉེར་རྒྱུར་ཁྲིད་སྟོན་བྱས་པ་དང་ཚད་ལྡན་བཟོས་ཏེ།  དམངས་གཉེར་སློབ་གསོ་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།  སྤྱི་ལོ ༡༩༩༨ ལོར་ལྷ་ས་གྲོང་ཁྱེར་གྱིས་དམངས་གཉེར་སློབ་གྲྭ་ཐོག་མ་དེར་ཆོག་མཆན་སྤྲད་པ་ནས་བཟུང་ལོ ༢༠ ཡི་རིང་དམངས་གཉེར་སློབ་གསོ་ཡང་རྒྱུན་མཐུད་གོང་འཕེལ་ཕྱིན་ཏེ་མེད་པ་ནས་ཡོད་པའི་བར་དང་།  ཆུང་བ་ནས་ཆེ་བའི་བར།  ཕྱོགས་རྐྱང་པ་ནས་ཕྱོགས་མང་པོ་བསྡུས་པའི་བར་བཅས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད།

བསྒྱུར་བཅོས་སྒོ་དབྱེའི་རྗེས་རང་ལྗོངས་ཀྱི་དམངས་གཉེར་སློབ་གྲྭ་ཐོག་མ་སྟེ།  གངས་གཞོན་སྐད་ཡིག་སློབ་གྲྭར་སློབ་རིམ་མི་འདྲ་བའི་འཛིན་གྲྭ་སྣ་ཚོགས་བཙུགས་པ་དང་།  ད་ཆ་དམངས་གཉེར་སློབ་གྲྭ་དེ་རང་ལྗོངས་སུ་གཞི་ཁྱོན་ཆེ་ཤོས་དང་ཆེད་ལས་མང་ཤོས།  ལོ་རྒྱུས་རིང་ཤོས་བཅས་ཀྱི་སློབ་གྲྭ་ཞིག་ཏུ་གྱུར་ཡོད།  ཉེ་བའི་ལོའི་རིང་རང་སྐྱོང་ལྗོངས་སྲིད་གཞུང་གིས་སྤྱི་ཚོགས་སྟོབས་ཤུགས་ནས་སློབ་གསོ་གཉེར་རྒྱུར་སྐུལ་ལྕག་ཧུར་ཐག་བཏང་བས་དམངས་གཉེར་སློབ་གསོ་རྒྱུན་ཆད་མེད་པར་རྒྱ་སྟོབས་ཆེ་རུ་ཕྱིན་ཏེ།  རང་ལྗོངས་ཀྱི་སློབ་གསོ་དར་རྒྱས་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ལ་གྱུར་ཡོད།  ན་ནིང་ལོ་མཇུག་བར་ལྗོངས་ཡོངས་ཀྱི་གྲོང་ཁྱེར༼ ས་ཁུལ ༽བདུན་དུ་རིམ་ཁག་སློབ་གསོའི་སྲིད་འཛིན་ཚན་པས་ཁྲིམས་ལྟར་སློབ་གཉེར་ཆོག་འཐུས་ལག་ཁྱེར་སྤྲད་པའི་དམངས་གཉེར་སློབ་གསོའི་ཚན་པ ༡༠༦ ཡོད་པ་དང་།  སློབ་གཉེར་བརྒྱུད་རིམ་སློབ་གསོས་དམིགས་ཡུལ་བྱེད་པའི་དམངས་གཉེར་སློབ་གྲྭ ༥༠ ཡོད་ཅིང་སློབ་གཉེར་བརྒྱུད་རིམ་མ་ཡིན་པའི་སྦྱོང་བརྡར་གསབ་སྦྱོང་ཚན་པ ༥༦ ཡོད་པ་རེད།  རིགས་ཁག་གི་དམངས་གཉེར་སློབ་གསོའི་ཚན་པར་ཆེད་བསྐོས་དགེ་རྒན ༡༧༤༧ དང་སློབ་མ ༢༦༨༢༥ ཡོད་པ་དང་།  དམངས་གཉེར་སློབ་གྲྭ་ཁག་གིས་གསབ་སྦྱོང་སློབ་གསོ་དང་རིགས་ཁག་གི་བྱང་ཚད་སློབ་གསོའི་སློབ་ཚན་བཀོད་སྒྲིག་བྱས་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

འབྲེལ་ཡོད་གསར་འགྱུར།

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]