ད་ལོའི་བོད་ལྗོངས་ལྷ་སའི་ལམ་ཕྱེད་མལ་ར་སུན་བང་རྒྱུག་ཁྲོད་མི༥༠༠༠འགྲན་བསྡུར་ནང་ཞུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-19

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༨ ཉིན།  རྒྱལ་ནང་ནས་ཁས་ལེན་དཔང་འདོན་བྱས་པའི་ས་བབས་མཐོ་ཤོས་ཀྱི་མལ་ར་སུན་འགྲན་རྒྱུག་སྟེ།  སྤྱི་ལོ ༢༠༡༩ ལོའི་བོད་ལྗོངས་ལྷ་སའི་ལམ་ཕྱེད་མལ་ར་སུན་བང་རྒྱུག་བྱེད་འགོ་ཚུགས་པ་དང་རྒྱལ་ཡོངས་ཀྱི་ས་ཕྱོགས་ཁག་ནས་ཕེབས་པའི་འགྲན་ཞུགས་པ ༥༠༠༠ ཐེངས་འདིའི་འགྲན་བསྡུར་ནང་ཞུགས་ཡོད།  
ད་ཐེངས་ཀྱི་འགྲན་རྒྱུག་དེ་ལྷ་ས་གནས་མཆོག་གླིང་ཆེན་གསོལ་མགྲོན་ཁང་ནས་འགོ་བཙུགས་ཏེ་ཅང་སུའུ་ལམ་ཆེན་དང་ལྷ་ས་ཟམ་ཆེན།  གཙང་འགྲམ་ཟམ་པ།  པེ་ཅིང་དཀྱིལ་ལམ་སོགས་བརྒྱུད་མཇུག་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་སྒྲིལ་རྒྱུར་བཀོད་སྒྲིག་བྱས་ཡོད་པ་དང་།  དེའི་ནང་སྤྱི་ལེ་ལྔའི་ཉམས་ལེན་གྱི་བང་འགྲན་མཁན ༣༥༠༠ ཡིས་གཙང་འགྲམ་ལམ་བར་རྒྱུག་ཟིན་རྗེས་རླངས་འཁོར་ལ་བསྡད་དེ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་བྱ་དགའ་ལེན་པར་སླེབས་ཡོད།  
འགྲན་བསྡུར་ཁྲོད་འགྲན་ཞུགས་པ་སླིང་ཧུའུ་ཁྲེ་ཡིས་རྒྱུག་ཡུན་ཆུ་ཚོད་གཅིག་དང་སྐར་མ ༢༧ དང་སྐར་ཆ ༣༧ གྱི་གྲུབ་འབྲས་ཐོག་ནས་སྐྱེས་པའི་ལམ་ཕྱེད་མལ་ར་སུན་བང་རྒྱུག་གི་ཨང་དང་པོ་བླངས་པ་དང་།  འགྲན་ཞུགས་པ་ལིང་ཧུང་དབྱིང་གིས་རྒྱུག་ཡུན་ཆུ་ཚོད་གཅིག་དང་སྐར་མ ༤༧ དང་སྐར་ཆ ༢༩ ཡི་གྲུབ་འབྲས་ཐོག་ནས་བུད་མེད་ཀྱི་ལམ་ཕྱེད་མལ་ར་སུན་བང་རྒྱུག་གི་ཨང་དང་པོ་བླངས་ཡོད།  ད་ལོའི་བོད་ལྗོངས་ལྷ་སའི་ལམ་ཕྱེད་མལ་ར་སུན་འགྲན་བསྡུར་དེ་ལམ་ཕྱེད་མལ་ར་སུན་བང་རྒྱུག་དང་སྤྱི་ལེ་བཅུའི་བང་རྒྱུག  སྤྱི་ལེ་ལྔའི་ཉམས་ལེན་བང་རྒྱུག་བཅས་ཁག་གསུམ་ལ་དབྱེ་ཡོད།

ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུད་ཀྱི་ཅུད་ཀྲང་ཝང་ཉིང་ནས།  འགྲན་བསྡུར་གྱི་རིམ་པ་དེ་ཀྲུང་གོ་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱིས་ཁས་ལེན་དཔང་འདོན་བྱས་པའི་ན་ནིང་གི་ཁ་པ་རིགས་ཀྱི་འགྲན་བསྡུར་ནས་ཀྲུང་གོ་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་གཉེར་བྱས་པའི་ད་ལོའི་ཀ་པ་རིགས་ཀྱི་འགྲན་བསྡུར་ལ་རིམ་འཕར་བྱུང་ཡོད་ཅེས་གསུངས།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]