གཞིས་རྩེས་དྲུག་ལྡན་གྲོང་ཁྱེར་མཉམ་སྐྲུན་བྱེད་པའི་ལས་དོན་ཤུགས་ཆེ་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གཞིས་རྩེ་གྲོང་ཁྱེར་གྱིས་དྲུག་ལྡན་གྲོང་ཁྱེར་མཉམ་སྐྲུན་བྱེད་པའི་ལས་དོན་སྤེལ་ཚུན།  གཞིས་རྩེས་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་པ་དང་བྱ་ཐབས་ནུས་ལྡན་སྤྱད་པ།  རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་དཔེ་མཚོན་གྲོང་ཁྱེར་འཛུགས་རྒྱུའི་ལས་དོན་ཧུར་ཐག་སྤེལ་བས།  གཞིས་རྩེ་ཁུལ་དུ་མཁའ་རླུང་ཀྱི་གཙོ་བོའི་སྦགས་བཙོག་ལོར་ཆ་སྙོམས་འདྲེས་ཚད་ཀྱི་ཚད་གཞི་དེ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་ཚད་གཞིར་སླེབས་ཀྱི་ཡོད་པ་དང་།  འཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་ལོ་འཁོར་མོའི་ཉིན་གྲངས་སྤྱིའི་བརྒྱ་ཆ ༨༥ ཡན་ཟིན་པ་དང་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་བྱེད་ཚད་བརྒྱ་ཆ ༩༠ ཟིན་ཡོད། 
ཤེས་རྟོགས་བྱུང་བར་གཞིགས་ན།  གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་གཞིས་རྩེ་གྲོང་ཁྱེར་གྱི་དྲུག་ལྡན་གྲོང་ཁྱེར་མཉམ་སྐྲུན་བྱེད་པའི་ལས་ཀའི་ཇུས་གཞི་སོགས་ཀྱི་སྤྱིའི་བླང་བྱར་གཞིགས་ནས།  ལྷུ་ཚིགས་ཞན་སར་ཞིབ་ཕྲའི་ལས་དོན་སྤེལ་ཏེ་གསར་གཏོད་དམིགས་ཚད ༣༥༠ ཙམ་ཞིབ་ཚགས་སུ་བཏང་ཐོག  ལས་འགན་ཁག་འགན་འཁྲིའི་ཚན་པ་ཁག་དང་རྫོང་ ༼ཆུས༽ ༡༨ ལ་བགོས་པ་མ་ཟད།  མི་སྣ་ཟུར་འཐེན་བྱས་ནས་གཞིས་རྩའི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་གཞུང་ལས་ཁང་བཙུགས་པ་དང་།  གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་དཔེ་སྟོན་གྲོང་ཁྱེར་གཏོད་པའི་འབྲེལ་ཡོད་ལས་ཀར་ཆེད་འགན་འཁུར་དུ་བཅུག་ནས།  ལས་འགན་དང་འགན་འཁྲི་དོན་འཁྱོལ་གནད་ལ་འཁེལ་བ་བྱས་ཡོད།ད་བར་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་དཔེ་སྟོན་གྲོང་ཁྱེར་གྱི་དཔྱད་ཞིབ་དམིགས་ཚད་དང་དེའི་ལག་བསྟར་ཞིབ་སྲོལ་བླང་བྱར་གཞིགས་ན།  གཞིས་རྩེ་གྲོང་ཁྱེར་གྱིས་ཞིབ་སྲོལ་གྱི་བླང་བྱའི་དམིགས་ཚད ༡༣ གྱི་ཚད་གཞི་དང་མཐུན་ཐུབ་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]